དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་བར་སྣང་ཁམས་འཚོལ་ཞིབ་ལ་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2024-11-06

    ཀྲུང་གོ་ཕྱོགས་ཀྱིས་བློ་རྒྱ་ཡངས་པོས་རྣམ་པ་སྣ་ཚོགས་ཀྱི་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྒྱལ་ཁབ་ཁག་དབར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་བར་སྣང་ཁམས་ཀྱི་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་གྲུབ་འབྲས་ལས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན།

    “བར་སྣང་ཁམས་ཀྱི་འཆར་གཞི་ནི་མི་རིགས་ཀྱི་སྤོབས་སེམས་ཆེན་པོའི་འབྱུང་ཁུངས་ཤིག་ཡིན་ལ། འདས་ཟིན་པའི་ལོ་20ཡི་རིང་ལག་རྩལ་ཡར་ཐོན་གྱི་མཚོན་རྟགས་ཤིག་ཀྱང་ཡིན”“འཇིག་རྟེན་འཕུར་སྐྱོད་པ་གསུམ་པོས་ཚོད་ལྟ་འགའ་བྱ་རྒྱུ་ཡིན་པ་དེས་ཀྲུང་གོས་2030ལོའི་གོང་དུ་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལར་བསྐྱོད་པའི་གྲ་སྒྲིག་ཡག་པོ་བྱེད་པར་ཕན་ཐོགས་ཡོད” ཉེ་ཆར་ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལམ་ལྷོངས་བྱུང་བ་དང་། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་མཁའ་མཐུན་ལྟེ་ཚང་དང་སྦྲེལ་མཐུད་བདེ་བླག་ཐུབ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་ཀྱི་ཡོད།

    མཐའ་ཡས་འཇིག་རྟེན་འཚོལ་ཞིབ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་བྱ་གཞག་འཕེལ་རྒྱས། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་ནི་ཀྲུང་གོས་དོན་གཉེར་ལྷོད་མེད་བྱེད་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་ཡིན། རྒྱང་སྐྱོད་ཨང་བཅུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་། ཕུགས་གྲུ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ། ཟླ་ངོས་འབབ་ཆས། ཟླ་སྐྱོད་འཇིག་རྟེན་འཕུར་སྐྱོད་གྱོན་གོས། མི་བཞུགས་ཟླ་དཔྱད་འཁོར་ལོ་སོགས། 2030ལོའི་གོང་ཀྲུང་གོ་བ་ཟླ་བའི་གོ་ལར་སྐྱོད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་ནས་ཞིབ་བཟོ་དང་འཛུགས་སྐྲུན་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ལྷ་གྲུ་ཨང་བཅུ་དགུ་པའི་མཁའ་སྐྱོད་ཚོགས་ཆུང་འཕུར་སྐྱོད་རིང་། འཆར་འགོད་ནང་གི“བར་སྣང་ཁམས་ཀྱི་དངོས་པོའི་འགུལ་སྐྱོད་ཞིབ་འཇུག”གི་བརྗོད་དོན་གཙོ་བོར་དམིགས་ཏེ་བར་སྣང་ཁམས་ཀྱི་ཚེ་སྲོག་ཚན་རིག་དང་། ལྗིད་ཤུགས་ཆུང་བའི་རྨང་གཞིའི་དངོས་ཁམས་རིག་པ། བར་སྣང་ཁམས་ཀྱི་རྒྱུ་ཆའི་ཚན་རིག འཇིག་རྟེན་འཕུར་སྐྱོད་ཀྱི་གསོ་རིག འཇིག་རྟེན་འཕུར་སྐྱོད་ཀྱི་ལག་རྩལ་གསར་པ་སོགས་ཁྱབ་ཁོངས་སུ་བར་སྣང་ཁམས་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཚོད་ལྟ་ཁག་86བྱས་ཏེ་ཚན་རིག་གི་གྲུབ་འབྲས་ཁག་གཅིག་ཐོབ་རེ་ཡོད། ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཀྲུང་གོའི་དགུ་བཅུ་ནང་སྐྱེས་ཀྱི་འཇིག་རྟེན་འཕུར་སྐྱོད་པ་བར་སྣང་ཁམས་སུ་ཐེངས་དང་པོར་འཕུར་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས“དེ་ནི་མི་རབས་གསར་པའི་བར་སྣང་ཁམས་སྐོར་བའི་མི་རབས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་མ་འཇོག་བྱེད་པ་ཞིག་ཀྱང་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད།

    ཀྲུང་གོས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་བྱས་ནས་གོ་ལ་ཧྲིལ་པོའི་བར་སྣང་ཁམས་འཚོལ་ཞིབ་ལ་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡོད། སུམ་རྩེན་བར་སྣང་ས་ཚིགས་ལ་ཕུན་སུམ་ཚོགས་པའི་ཚན་རིག་ཉེར་སྤྱོད་ཀྱི་ཐོན་ཁུངས་དང་འཐུས་སྒོ་ཚང་བའི་རྒྱབ་སྐྱོར་ནུས་པ་ལྡན་ཞིང་། ལྷ་གྲུ་མི་བཞུགས་སྐྱེལ་འདྲེན་མ་ལག་དང་མཁའ་གྲུ་ཟོག་འདྲེན་མ་ལག་ལ་མི་སྣ་དང་དངོས་ཟོག་གནམ་སའི་བར་སྐྱེལ་འདྲེན་གྱི་བློས་འགེལ་ཆོག་ལ་བརྟན་པོའི་ནུས་པ་ལྡན་པས་དེ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་ཡག་ཤོས་ཤིག་རེད། ཀྲུང་གོའི་བར་སྣང་ས་ཚིགས་ནི་ཀྲུང་གོའི་བར་སྣང་ས་ཚིགས་ཡིན་ལ། མིའི་རིགས་ཀྱི་འཇིག་རྟེན་འཕུར་སྐྱོད་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཡོངས་ལ་བདེ་སྐྱིད་སྐྲུན་པའི་བར་སྣང་ས་ཚིགས་ཤིག་ཀྱང་ཡིན།

    ཀྲུང་གོས་མཉམ་ལས་ཀྱི་སྒོ་མོ་ཡངས་སུ་ཕྱེ་བ་མ་ཟད། ད་དུང་གསར་དར་འཇིག་རྟེན་འཕུར་སྐྱོད་རྒྱལ་ཁབ་དབར་མཉམ་ལས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་རྒྱལ་ཁབ་དེ་བས་མང་བར་བར་སྣང་ཁམས་འཚོལ་ཞིབ་དང་བར་སྣང་ཁམས་བེད་སྤྱོད་བྱེད་པའི་གོ་སྐབས་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ད་བར་ཚན་ཞིབ་ཚོགས་པ་བརྒྱ་ལྷག་ཙམ་ལ་ཟླ་བའི་གོ་ལའི་ཚན་ཞིབ་ཀྱི་མ་དཔེ་སྤྲད་དེ་འབོ་གསེར་རྒྱལ་ཁབ་ཀྱི་རྒྱང་ཚོར་སྲུང་སྐར་སྐར་ཁྱིམ་དང“རྒྱུད་གཅིག་ལམ་གཅིག”གི་བར་སྣང་ཆ་འཕྲིན་ཁྱམས་རིང་སོགས་ཕྱོགས་མང་མཉམ་ལས་རྣམ་གྲངས་སྣེ་ཁྲིད་བྱས་ནས་སྤེལ་ཡོད། “སུམ་རྩེན”ནས་འཁྱེར་ཡོང་བའི་སྨན་སྤྱོད་རྩི་ཤིང་གི་ས་བོན་ཕ་ཁི་སི་ཐན་དུ་ཚོད་ལྟ་བྱས་ནས་འདེབས་བཞིན་ཡོད་པ་དང་། ཀྲུང་གོ་དང་པར་ཙིར་གྱིས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པའི་ཀྲུང་པར་རྒྱལ་ཁབ་གཉིས་པོའི་སའི་གོ་ལའི་ཐོན་ཁུངས་སྲུང་སྐར་གྱིས་ཡ་མ་ཤུན་གྱི་ཆར་ཆུ་མང་བའི་ནགས་ཚལ་སྐྱེ་ཁམས་ལ་གཡས་གཞོགས་གཡོན་འདེགས་བྱེད་བཞིན་པ། ཀྲུང་གོའི“རླུང་སྤྲིན”གནམ་གཤིས་སྲུང་སྐར་གྱིས་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་ལ་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བ་དང་གནོད་འཚེའི་འཕྲལ་སྡོམ་བརྡ་ལན་གྱི་ཞབས་འདེགས་ཞུ་བཞིན་པ་སོགས། སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ཁྲོད་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་སྟོབས་ཆེར་ཕྱིན་ནས་གོ་ལ་ཧྲིལ་པོར་ཕན་པ་སྐྲུན་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།