དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་སི་ལོ་ཝ་ཁེ་ཡ་སོགས་རྒྱལ་ཁབ་9ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-06

    གསར་འགོད་པར་ཕྱི་འབྲེལ་པུའི་གཞུང་ཚབ་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣའི་འགྲོ་འོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། སི་ལོ་ཝ་ཁེ་ཡ་དང་། ནོར་ཝེ། ཧྥིན་ལན། ཏེན་མག འཁྱགས་གླིང་། ཨན་ཏོར། མོ་ན་ཁོ། ལེགས་ཐན་སི་ཐེན། ཧན་གོ་བཅས་ཀྱི་ལམ་ཡིག་དཀྱུས་མ་ཡོད་མཁན་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 2024ལོའི་ཟླ་11ཚེས་8ཉིན་ནས་2025ལོའི་ཟླ་12ཚེས་31ཉིན་བར་གོང་གསལ་རྒྱལ་ཁབ་ཀྱི་ལམ་ཡིག་དཀྱུས་མ་ཡོད་མཁན་ཚོ་རྒྱལ་མཚམས་བསྒྲལ་ནས་ཀྲུང་གོར་ཚོང་གཉེར་དང་། ཡུལ་སྐོར་ལྟ་སྐོར། གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་བཅས་སུ་ཡོང་སྐབས་ཉིན་15མི་ཡོལ་ཚེ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་ཆོག་གི་ཡོད། རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་ཆ་རྐྱེན་དང་མི་མཐུན་པའི་མི་སྣས་རྒྱལ་ཁོངས་སུ་མ་འཛུལ་གོང་ཀྲུང་གོར་འགྲོ་ཆོག་པའི་རྒྱལ་སྒྲོལ་ཐོངས་མཆན་འགོད་དགོས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།