ཞིང་ཆུ་གཏོང་ཁུལ་ལེགས་གཏོང་སྒྱུར་བཀོད་བྱས་པ།
ཟླ་11ཚེས་2ཉིན། ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཧྥན་ཁྲང་ཆུས་ཀོའོ་རེན་གྲོང་ཚོའི་ཤིན་ཕིང་ཞིང་ཆུ་གཏོང་ཁུལ་གྱི་རྣམ་གྲངས་སྐྲུན་བཞིན་ཡོད་པ་དང་། རྣམ་གྲངས་དེ་ནི་ད་ཡོད་ཀྱི་ཞིང་ཆུ་འདྲེན་ཁུལ་དུ་ཆུ་འདྲེན་སྒྲིག་ཆས་དང་ཆ་འཕྲིན་ཅན་གྱི་ལས་གྲྭ་གསར་དུ་སྐྲུན་པ་དང་ཆུ་གསོག་ཁུལ་དང་ཆུ་འདྲེན་ཡུར་བུ་ཉམས་བཟོ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་ཆུ་གཏོང་ཁུལ་གྱི་ཆུ་འདྲེན་བདེ་འཇགས་དང་། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་འགན་སྲུང་བྱ་རྒྱུ་རེད།