དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་བཅུ་གཉིས་པའི་ཧྥན་ཅིང་དབྱི་གསར་འགྱུར་སློབ་གསོའི་བྱ་དགའ་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-06

    ཉེ་ཆར་སྐབས་བཅུ་གཉིས་པའི་ཧྥན་ཅིང་དབྱི་གསར་འགྱུར་སློབ་གསོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཆིང་ཧྭ་སློབ་ཆེན་དུ་འཚོགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི་དེ་སྔའི་ཧྲུའུ་ཀྲང་ལིའུ་པིན་ཅེ་དང་། ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཤང་པོ་ཐའོ། ཀྲུང་གོ་ཕྱི་སྐད་དཔེ་སྐྲུན་འགྲེམས་སྤེལ་ལས་དོན་ཅུས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀའོ་ཨན་མིང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝུའུ་ཅིང་སོགས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་ཡོད།

    ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཚའོ་ལུའུ་དང་ཀྲེང་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏུང་ཀོང་ཨན་ལ་གསར་འགྱུར་སློབ་གསོའི་དགེ་རྒན་བཟང་པོའི་བྱ་དགའ་ཐོབ་པ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་མཐོ་རིམ་རྩོམ་སྒྲིག་པ་ལིའུ་ཞའོ་ཕུང་ལ་གསར་འགྱུར་སློབ་གསོའི་གྲོགས་བཟང་གི་བྱ་དགའ་ཐོབ་པ། ཧྥུའུ་ཏན་སློབ་ཆེན་གྱི་ཏིང་ཁྲའོ་དབྱི་དང་། ཅི་ནན་སློབ་ཆེན་གྱི་ལེང་ཏུང་། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་ལིའུ་ཙེ་ཧོ་སོགས་མི་8ལ་གསར་འགྱུར་སློབ་བུའི་བྱ་དགའ་ཐོབ་པ། ཧྥུའུ་ཏན་སློབ་ཆེན་གྱི་ཏའེ་ཁོའོ་ཧུའེ་དང་ཅི་ལིན་སློབ་ཆེན་གྱི་ལུའུ་མོང་སོགས་མི་4ལ་གསར་འགྱུར་སློབ་བུའི་མིང་འདོན་བྱ་དགའ་ཐོབ་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།