དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱིས་ལོ་འཁོར་བཅུ་པའི་ཆུ་འདྲེན་ལས་འགན་ཚད་བརྒལ་ལེགས་གྲུབ་བྱས་པ།

    དབུས་རྒྱུད་ལས་གྲྭས་ལོ་10ཡི་རིང་རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་680ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-06

    གསར་འགོད་པས་ཆུ་བེད་པུའུ་དང་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཟླ་10ཚེས་31ཉིན་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་2023-2024ལོ་འཁོར་གྱི(2023ལོའི་ཟླ་11ཚེས་1ཉིན་ནས་2024ལོའི་ཟླ་10ཚེས་31ཉིན་བར)ཆུ་འདྲེན་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱས་ནས་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་83.37ཟིན་པ་དེ་ལོ་འཁོར་མོའི་འཆར་གཞིའི་118%ཡིན་པ་རེད། 2014ལོར་ཆུ་འདྲེན་ཐུབ་ཚུན། དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་ལོ་10ཡི་རིང་རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་680ལྷག་ཙམ་ཟིན་པའི་ནང་སྐྱེ་ཁམས་གསབ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་106.37ཟིན་ཡོད་པ་རེད། ལས་གྲྭ་དེས་པེ་ཅིང་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར་ལ་རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ལས་བརྒལ་བ་དང“ལྷོ་ཆུས”པེ་ཅིང་གྲོང་ཁུལ་གྱི་ཆུ་མཁོ་འདོན་བྱེད་ཚད་ཀྱི་70%ཡན་བཟུང་བ་དང་ཐེན་ཅིན་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཆུ་མཁོ་འདོན་ཚང་མ་ཧ་ལམ“ལྷོ་ཆུ”ཡིན་པས་ལས་གྲྭའི་ལམ་རྒྱུད་ཞིང་ཆེན་གྱི་ཆུ་མཁོ་འདོན་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།

    2024ལོ་ཚུན་དུ་ཆུ་བེད་པུས་མུ་མཐུད་སྤྱི་འདོམས་དོ་དམ་བྱས་ནས་ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་ཚོགས་པས་འབྲུབ་ཆུ་རྒྱས་དུས་དང་འཁྱགས་རོམ་དུས་སོགས་འགག་རྩའི་མཚམས་ཚིགས་ཀྱི་བདེ་འཇགས་ཆུ་འདྲེན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་པ་དང་། འཁྱགས་རོམ་དུས་སུ་ཆུ་འདྲེན་རིང་གྲངས་འཛིན་ཆ་འདྲའི་ལས་གྲྭས་འཁྱགས་རོམ་དུས་ཀྱི་ཆུ་འདྲེན་བཀོད་གཏོང་དཔེ་དབྱིབས་ཀྱི་ནུས་པ་བཏོན་ནས་འཁྱགས་རོམ་དུས་ཀྱི་ཆུ་འདྲེན་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་ཆུ་འདྲེན་ཚད་དེ་ཆུ་སྤྲོད་ཀྱི་འཆར་གཞི་ལས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་3.4ཡིས་མང་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།