དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག་ལག་བསྟར་བྱས་ནས་ལོ་བཅུ་སོང་རིང་།

    གཉེར་སྐྱོང་བྱེད་པོ་དུང་ཕྱུར་1.88ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-06

    ཉིན་ཤས་གོང་གསར་འགོད་པར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ནང་ཁྱོན་གཉེར་སྐྱོང་བྱེད་པོ་དུང་ཕྱུར་1.88ཀྱི་ཡིད་རྟོན་ཆ་འཕྲིན་སྣ་ཚོགས་དུང་ཕྱུར་130.84བསྡུ་རུབ་བྱས་ནས། ཁྲིམས་ལྟར་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་ཡོད། མ་ལག་དེར་ཉིན་རེར་ཆ་སྙོམས་ལྟ་མཁན་མི་ཐེངས་དུང་ཕྱུར་1.28ལྷག་ཙམ་དང་ཉིན་རེར་ཆ་སྙོམས་འདྲི་རྩད་བྱེད་མཁན་མི་ཐེངས་ཁྲི་1700ལྷག་ཙམ་ཟིན་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    རང་རྒྱལ་གྱིས་2014ལོའི་ཟླ་10ཚེས་1ཉིན་ནས་བཟུང《ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག》ལག་བསྟར་བྱས་ཤིང་། ལོ་བཅུའི་རིང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས། རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བསྐྲུན་ནས་འཁོར་སྐྱོད་བྱེད་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་ཆ་འཕྲིན་གཅིག་གྱུར་གཅིག་སྡུད་བྱས་པས་ཁེ་ལས་ཀྱི་ཡིད་རྟོན་པར་གཞི་གྲུབ་ཡོད། མ་ལག་དེས་གཉེར་སྐྱོང་བྱེད་པོ་དུང་ཕྱུར་1.88དང་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱས་ཚུན། ལག་ཁྱེར་ཐོ་འགོད་དང་མེད་པ་བཟོས་པའི་གཉེར་སྐྱོང་བྱེད་པོའི་ཆ་འཕྲིན་ཕྱོགས་ཡོངས་ནས་འདྲི་རྩད་དང་ཡོངས་བསྒྲགས་བྱས་ཏེ། ཁེ་ལས་ཁྲི་682ལྷག་ཙམ་གྱིས་སྟབས་བདེའི་ཐོ་སུབ་ཀྱི་གོ་རིམ་སྤྱད་པ་དང་ཡོངས་བསྒྲགས་ཁས་ལེན་ཡི་གེ་བརྒྱུད་ཁྲོམ་ར་ནས་ཕྱིར་འཐེན་བྱེད་རོགས་བྱས་ཏེ། ཁེ་ལས་དང་སྤྱི་ཚོགས་ཀྱི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་བཏང་ཡོད།

    མིག་སྔར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ཞིང་ཆེན་མང་ཆེ་བའི་དབར་ཆ་འཕྲིན་གཅིག་སྡུད་མཉམ་སྤྱོད་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས། ཞིང་ཆེན་རེར་ཆ་སྙོམས་ཆ་འཕྲིན་གཅིག་སྡུད་དང་འབྲེལ་བ་ཡོད་པའི་ཞིང་ཆེན་རིམ་པའི་སྡེ་ཚན་38ཡོད་པའི་ནང་ཞུགས་མཁན་སྡེ་ཚན་ཁྱབ་ཚད་78%ལྷག་ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།