དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟངས་རི་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་30གཡོད་ཡང་དུ་ལས་ཞུགས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-06

    ཉེ་ཆར། ཟངས་རི་རྫོང་གིས་2024ལོའི་མཐོ་སློབ་སློབ་ཐོན་སློབ་མ་ཁག་གཉིས་པ་ལྗོངས་ཕྱིར་ལས་ཞུགས་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྡོག་ཐོན་མཛད་སྒོ་གཉེར་བ་རེད།

    མཛད་སྒོའི་ཐོག་ཟངས་རི་རྫོང་གི་འགན་འཁུར་བ་གཙོ་བོས་སློབ་ཐོན་སློབ་མར་ཁ་བཏགས་བསྒྲོན་ནས་སྨོན་འདུན་བཟང་པོ་ཞུས་ཤིང་། ཁོང་ཚོར་ཁོར་ཡུག་གསར་པའི་ནང་ཞུམ་མེད་མདུན་སྐྱོད་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུའི་རེ་བ་བཏོན་པ་དང་ཆབས་ཅིག་སློབ་ཐོན་སློབ་མར་ལས་ཀའི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་ལས་གནས་ཐོག་རང་འགན་གཙང་སྒྲུབ་དང་ལས་ལ་དགའ་ཞིང་བརྩོན་པ་དང་། མི་སྤྱོད་ཚན་པའི་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུས་ནས་ཟངས་རིའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་ཟངས་རིའི་གཟུགས་བརྙན་གཏོད་དགོས་པའི་མངགས་བཅོལ་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ལྷོ་ཁ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཧུའུ་ནན་ཞིང་ཆེན་གཡོད་ཡང་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་དང་གཡོད་ཡང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཐུན་མོང་འབད་བརྩོན་འོག་ཟངས་རི་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་30ལ་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད་པ་རེད།

    མཐོ་སློབ་སློབ་ཐོན་སློབ་མའི་འཐུས་མི་ཚེ་རིང་སྒྲོལ་དཀར་གྱིས“ངས་ལས་ཞུགས་གོ་སྐབས་ལ་སྔར་བས་ལྷག་པའི་གཅེས་སྤྲས་བྱས་ཏེ་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་འགྲན་སློང་སྣ་ཚོགས་ལ་དཔའ་ངར་ཆེན་པོས་ཁ་གཏད་ཧུར་ཐག་བཅག་ནས‘གཡོད་ཡང་དང་ཟངས་རི་ཁྱིམ་ཚང་གཅིག་ལྟར་བརྩེ་བའི’ལག་ལེན་པ་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།