ཅང་སུའུ་ལམ་ཆེན་གྱི་ཆུ་འགྲོའི་ལས་གྲྭ་ལོ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་ཡིན་པ།
ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུའི་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭ(དུས་ཐེངས་གཉིས་པ)ཅང་སུའུ་ལམ་ཆེན་གྱི་ཆུའི་ལས་གྲྭ་ནི་ལྷ་སའི་སྣུམ་ཞག་དོད་པའི་གྲོང་ཁྱེར་གྱི་འཆར་གཞིའི་གྲུབ་ཆ་ཞིག་ཡིན་པ་དང་། འདི་ལོའི་ཟླ་6ཚེས་17ཉིན་བསྐྲུན་འགོ་ཚུགས་ཚུན། ལས་འབོར་གྱི་60%ལེགས་གྲུབ་ཟིན་ནས་སྔོན་དཔག་བྱས་ན་ཟླ་12པར་ལས་མཇུག་འགྲིལ་རྒྱུ་རེད།
ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུའི་སྐྱེ་ཁམས་བཅོས་སྐྱོང་གི་ལས་གྲྭ(དུས་ཐེངས་གཉིས་པ)ནི་སྣུམ་ཞག་དོད་པའི་གྲོང་ཁྱེར་གྱི་བྱེད་ཐབས་གལ་ཆེན་ཞིག་རེད། རྣམ་གྲངས་བསྐྲུན་པ་དེས་གྲོང་ཁྱེར་གྱི་ཆུ་ཁོངས་བཀོད་སྒྲིག་སྔར་བས་འཐུས་ཚང་དུ་འགྲོ་རྒྱུ་རེད།
ལས་གྲྭ་སྐྲུན་ཡུལ་དུ་ལས་བཟོ་ཚོས་རྐང་ཐང་མའི་ལམ་འདིང་བ་དང་། བརྐོ་འདྲུའི་འཕྲུལ་འཁོར་དང་ལམ་བཅག་འཕྲུལ་འཁོར་སོགས་འཕྲུལ་འཁོར་ཆེ་རིགས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད། རྣམ་གྲངས་སྐྲུན་ཡུན་ཟླ་6ཡིན་པ་དང་མིག་སྔར་སྤྱིའི་ཨར་ལས་ཀྱི་མྱུར་ཚད་60%ཟིན་ནས་གོམ་སྟབས་རྗེས་མར་ལམ་འདིང་བ་དང་སྔོ་འགྱུར་སོགས་ཆུ་ལམ་མཛེས་ལྗོངས་གཏོད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་7668བཏང་བ་དང་། སྐྲུན་འགོ་ཚུགས་ཚུན། ཨར་ལས་ཚན་པས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་ཤུགས་དང་འཕྲུལ་ཆས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་བཀོད་སྒྲིག་བྱས་པ་དང་། ལས་དུས་འཕར་མ་བྱས་ནས་མྱུར་ཚད་འགན་ལེན་གྱིས་རྣམ་གྲངས་གང་མགྱོགས་བསྐྲུན་ཐུབ་པར་སྐུལ་འདེད་བཏང་ཡོད།