དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས། མཛེས་སྡུག་ འཕེལ་རྒྱས་འཆར་གཞི་བཀོད།

    —— ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་ལེགས་ཆ་བཏོན་ནས་གསར་གཏོད་དོན་གཉེར་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-06

    འདི་ནི་འཕྱོངས་རྒྱས་རྫོང་གི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མིས་ཡུལ་སྐོར་བར་འགྲེལ་བཤད་རྒྱག་བཞིན་པ།

    འདི་ནི་འཕྱོངས་རྒྱས་ཆང་ཁྱིམ་གླིང་ཁར་ཡུལ་སྐོར་བས་འཆམ་འཆམ་དུ་སྐྱོད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས“གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་འདུ་འགོད་ལག་བསྟར་བྱས་ནས་སྐྱེ་ཁམས་ཡུལ་སྐོར་དང་། ནགས་ཚལ་ལུས་གསོ། སྤྲོ་གསེང་སྒར་ས་སོགས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པའི”བཀོད་སྒྲིག་བླང་བྱ་ལྟར། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། སྤུས་རྟགས་དམ་འཛིན། རྨང་གཞི་བརྟན་གཏོང་སོགས“སྣ་འདུས་ཐབས་བཟང”བརྒྱུད་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་དང་ཡུག་སྦྲེལ་བྱས་ནས་དུད་ཚང་གཅིག་ལ་གླིང་ཁ་གཅིག་དང་། གྲོང་ཚོ་རེར་འཆར་འགོད་རེ། གནས་རེར་ཡུལ་ལྗོངས་རེ་བཅས་ཡོད་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་བྱེད་ཐབས་གསར་པ་ཧུར་ཐག་བཏོད་ཡོད།

    རྩེ་རིམ་ཇུས་འགོད་ཡག་པོ་བྱས་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    འཕྱོངས་རྒྱས་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་གཙོ་གནད་ལས་འགན་དུ་བརྩིས་ནས་དམ་འཛིན་བྱས་ཏེ“རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི”ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཧྲུའུ་ཅི་དང་པོ་བཅས་ཀྱིས་མཉམ་དུ་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་མཉམ་འགུལ་འགན་འཁྲིའི་མ་ལག་བཙུགས་པ་དང་འབྲེལ་འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་བ་དང་ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ཡོད། 《“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“བོད་ཀྱི་རིག་གནས་འབྱུང་ཁུངས·བདེ་སྐྱིད་ལྡན་པའི་འཕྱོངས་རྒྱས”ཀྱི་ཏང་འཛུགས་སྐྱོང་སྤུས་རྟགས་གཏོད་རྒྱུའི་སྐོར་གྱི་འཕྱོངས་རྒྱས་རྫོང་གི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པ་མ་ཟད། བྱ་སྤྱོད་ཆེན་པོ་དྲུག་དང་ཞིབ་ཕྲའི་བྱ་ཐབས་ཁག་20ཞིབ་ཚགས་སུ་བཏང་སྟེ་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    “སྤུས་ལེགས་ཅན་གྱི་དཔེ་སྟོན་ས་ཚིགས་གཏོད་པའི་བྱ་སྤྱོད”ལག་བསྟར་ཤུགས་ཆེན་བྱས་པ་མ་ཟད། སྲིད་ཇུས་དང་མ་དངུལ་གྱི་གཅིག་སྡུད་རོགས་སྐྱོར་དང་ཉམས་མྱོང་བྱེད་ཐབས་དུས་ཐོག་ཏུ་ཁྱབ་གདལ་བཏང་ཁར། ཕན་ཚུན་འགྲན་བསྡུར་དང་། རྣམ་གྲངས་འགྲན་བསྡུར། ས་གནས་ས་ཐོག་ཏུ་ལྟ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་གཏོད་པའི་ཚ་རླབས་ཤིག་འཕྱུར་བ་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་རིམ་པའི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་7དང་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་རྩེ་གྲ་7བཏོད་དེ་ཆང་ཁྱིམ་ཤང་གྲོང་གི་རིག་གནས་ཡུལ་སྐོར་དང་ཁྲང་དཀར་སྡོད་མལ་ཁྱིམ་གཞིས་སོགས་ཁྱད་ཆོས་ལྡན་ལ་བཀྲག་མདངས་འཚེར་བ་དང་དཔེ་སྟོན་དང་ཁྱབ་གདལ་ཆོག་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁག་གཅིག་བཏོད་ཡོད།

    སྤུས་རྟགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ།

    འཕྱོངས་རྒྱས་རྫོང་གིས“ཐུ་བྷོད་ཀྱི་འབྱུང་ཁུངས”ཀྱི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཐུ་བྷོད་གནའ་གྲོང་གི་མཛེས་ལྗོངས་ཁུལ་དང་བཙན་པོའི་བང་སོའི་མཛེས་ལྗོངས་ཁུལ་སོགས་ལྟེ་བར་དམིགས་ཏེ་དུས་རབས་རིམ་བྱུང་གི་བཙན་པོ་དང་དེའི་སྐབས་ཀྱི་གཏམ་རྒྱུད་སྔོག་འདོན་དང་ཕྱོགས་སྡོམ་བྱས་པ་མ་ཟད། རིག་ལྡན་མཛེས་ལྗོངས་ཁུལ་གྱི་སྣེ་ཁྲིད་མ་ལག་དང་རིག་ལྡན་འགྲེལ་བཤད་མ་ལག་འཛུགས་སྐྲུན་དང་གསར་སྤེལ་བྱས་པ་དང་འབྲེལ་འགྲེལ་བཤད་ཀྱི་ནང་དོན་ཡིག་ཐོག་ཏུ་བཀོད་ནས་མཛེས་ལྗོངས་ཁུལ་ཁག་གི་མངོན་ཆེ་སར་སྦྱར་ཡོད། ཡུལ་སྐོར་བས་སྣེ་ཤན་པ་འཁྲིད་མི་དགོས་པར་སྒྲིག་ཆས་གཡར་ནས་འགྲེལ་བཤད་ཉན་ཐུབ་པས། མི་རིགས་ཁག་མཉམ་འདྲེས་གཅིག་སྡུད་ཡིན་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་མི་རིགས་ཁག་གིས་གཅིག་གྱུར་གྱི་རླབས་ཆེན་མེས་རྒྱལ་མཉམ་དུ་གཏོད་པ་དང་། འཕེལ་རྒྱས་གཏོང་བ། སྲ་བརྟན་དུ་གཏོང་བ་བཅས་ཀྱི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད།

    འཕྱོངས་རྒྱས་མཉམ་འདྲེས་སྨྱན་སྦྱོར་གྱི་ལས་སྟེགས་གང་ལེགས་སྤྱད་དེ་འཕྱོངས་རྒྱས་ཀྱི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས། མི་ཆོས་རིག་གནས་ཀྱི་ཁྱད་ཆོས་སོགས་ཀྱི་ཐད་ནས་ཆེད་དོན་ཁྱབ་སྤེལ་གྱི་བརྙན་ལམ་པར་ལེན་བྱས་ཏེ་འཕྱོངས་རྒྱས་ཡུལ་སྐོར་གྱི་མིང་གྲགས་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད། རིག་གནས་བསམ་བཀོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་མགྱོགས་མྱུར་བཏང་ནས་རིག་གནས་བསམ་བཀོད་ཐོན་རྫས་2ཇུས་འགོད་བྱས་པ་དང་འཕྱོངས་རྒྱས་རྫོང་གི་སྣ་ཁ་7གྱི་རིག་གནས་བསམ་བཀོད་ཐོན་རྫས་40ལྷག་ཙམ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ་ཤང་ཀང་དང་ཀོང་ཀྲོའུ་ཡི་འོས་སྦྱོར་བྱེད་སྒོར་ཞུགས་པས་འཕྱོངས་རྒྱས་ཀྱི་ཁྱད་ལྡན་ཐོན་རྫས་དེ་ཁྲོམ་ར་དེ་བས་ཆེ་བར་སྐྱོད་ཐུབ་ཡོད།

    ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཉམས་ལེན་ཟབ་ཏུ་བཏང་བ།

    འཕྱོངས་རྒྱས་རྫོང་གིས“ཏང་དམངས་ས་ཚིགས་ཆུང་ངུ”6དང“ཏང་དམངས་ཀྱི་ཇ་ཁང་ཆུང་ངུ”7བཏོད་པ་དང་། ལྷོ་ཁའི་གྲོང་ཚོ་རིམ་པའི“ཉིན་མོའི་ལྟ་རྟོག་ལྟེ་གནས”དང་པོ་བསྐྲུན་པ། དམངས་ཕན་ཁུལ་དང་། སློབ་སྦྱོང་ཁུལ། དྲིལ་བསྒྲགས་འགྲེམས་ཁུལ། དོན་གྲོས་ཁུལ་སོགས་ཀྱི་ས་ཁོངས་བཙུགས་པ་བཅས་བྱས་ནས་རྒན་རྒོན་གྱི་བཟའ་བཏུང་ལ་གཟིགས་སྐྱོང་དང་བྱིས་པ་བཅོལ་ཉར་སོགས་ཀྱི་ཞབས་ཞུའི་རྨང་གཞིའི་ཐོག་ཡུལ་སྐོར་ཞབས་ཞུའི་ས་ཚིགས་བཙུགས་ནས་ཡུལ་སྐོར་བར་ཡུལ་སྐོར་བློ་འདྲི་དང་། གསང་སྤྱོད། འཐུང་ཆུ་སོགས་ཀྱི་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཏེ་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།

    གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཏེ“ཏང་ཡོན་གདོང་ལེན་རུ་ཁག”དང“ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག”བཙུགས་པ་དང་། སྟབས་བསྟུན་གྱི་དང་བླངས་ཞབས་ཞུ་སྤེལ་ནས་ཡུལ་སྐོར་བར་ཆ་འཕྲིན་བློ་འདྲི་དང་། ལམ་སྣེ་ཁྲིད་པ། སྒྲིག་ལམ་སྲུང་བ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།

    “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་གནས་འཕྲོད་མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ལས་དོན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་ལ་བརྟེན་ནས་ཡུལ་སྐོར་དར་རྒྱས་གཏོང་བའི་མཉམ་འདྲེས་ལམ་བུ་འཚོལ་ཞིབ་བྱས་ཡོད། འཕྱོངས་རྒྱས་རྫོང་གིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་གཏོང་གི་ལོ་ལྔའི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་པོས་དུད་ཚང་3316གི་གསང་སྤྱོད་སྒྱུར་བཀོད་བྱས་པ་དང་། དུས་རབས་གསར་པའི་གནས་འཕྲོད་ཁྱིམ་གཞིས་ཀྱི་དཔེ་མཚོན་དུད་ཚང་149བཏོད་པ། དུད་ཚང་1955ལ་“མི་ཕྱུགས་ལོགས་དབྱེ”ལག་བསྟར་བྱས་པར་བརྟེན་ས་མཐོའི་མཛེས་མཐུན་གྲོང་གསེབ་ཀྱི་རྨང་གཞི་སྔར་བས་ལེགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།