དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱིས།

    ནུས་ཤུགས་ཡོད་རྒུས་རྒན་རྒོན་ལ་སྤྲོ་སྣང་དོད་པའི་ཁྱིམ་ཚང་ཞིག་སྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-06

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ནི་དེ་སྔ་སྟག་རྩེ་ཆུས་གསེར་ལོའི་རྒན་གསོ་ཁང་ཡིན་ཞིང་། 2014ལོར་རྒན་གསོ་ཁང་གསར་པ་བསྐྲུན་ཚུན། རྒན་རྒོན་ལ་ཞབས་འདེཌ་ཞུ་རྒྱུ་ཨང་དང་པོར་བཞག་ཅིང་། 2018ལོ་ནས་བཟུང་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཚད་ལྡན་ཅན་བཟོས་ནས་འཕྲོད་བསྟེན་ཁང་དང་དྲོད་རླངས་མཁོ་འདོན་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་ཡོད། ད་ཆ་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་མིག་མངས་ཁང་དང་། ནུས་མང་བྱེད་སྒོ་ཁང་། འཕྲོད་བསྟེན་ཁང་སོགས་ཡོད་པ་རེད།

    མཁྲེགས་ཆས་སྒྲིག་ཆས་རིམ་སྤོར་ལ་སྐུལ་འདེད་བཏང་བ་མ་ཟད། མཉེན་ཆས་ལའང་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ལས་དོན་པའི་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    “ང་ལས་ཀར་ཞུགས་པ་ནས་བཟུང་རྒན་གསོ་ཁང་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་། ཐོག་མར་ནད་སྐྱོང་གི་ཤེས་བྱར་རྒྱུས་མངའ་དེ་ཙམ་མེད། ད་ཆ་ནད་སྐྱོང་པ་ཚང་མས་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་པར་བརྟེན་རྒན་རྒོན་ཚོར་ཞབས་འདེགས་ཡག་པོ་ཞུ་ཐུབ་ཀྱི་འདུག”ཅེས་ནད་སྐྱོང་པ་ལྷག་པས་བརྗོད།

    འདི་ལོ་ལོ་81ལ་སླེབས་པའི་བསོད་ནམས་ཀྱིས“ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒན་གསོ་ཁང་གི་འགོ་ཁྲིད་དང་ལས་དོན་པས་ང་ཚོར་ལྟ་རྟོག་གང་ཡག་གནང་གི་འདུག་ལ། ཁོར་ཡུག་ལེགས་ལ་ཞབས་ཞུ་ཡང་ཡག་པོ་འདུག་པས་ང་ཚོ་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད་བྱུང་།

    རྒན་གསོ་ཁང་དུ་བགྲེས་སོང་བསོད་ནམས་དང་འདྲ་བའི་རྒན་རྒོན་90ཙམ་ཡོད་པ་དང་མང་ཆེ་བ་རྒན་གསོ་ཁང་བཙུགས་པ་ནས་བཟུང་དེ་གར་འཚོ་བ་སྐྱེལ་གྱི་ཡོད། རྒན་རྒོན་ཚང་མར་འཚོ་བར་ལྟ་སྐྱོང་དང་། སྨན་བཅོས་ནད་སྐྱོང་། སེམས་གསོ་གཏོང་བ་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད། “ཆུ་ཚོད་ཉེར་བཞི་ལས་དོན་པས་རེས་སྐོར་སྡོད་བྱ་བྱེད་ཀྱི་ཡོད། གལ་ཏེ་མཚན་མོ་རྒན་རྒོན་ཚོ་ན་བ་སོགས་ཀྱི་གནས་ཚུལ་འཕྲད་ན་ཉལ་ཁྲིའི་མདུན་གྱི་ཐེབས་བཀྱག་དམར་པོ་གནན་ན་ལས་དོན་པས་འཕྲལ་མར་ལྟ་བར་ཡོང་གི་ཡོད”ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འགན་ལེན་ལྔའི་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་པས་དེ་ལྟར་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།