དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱེ་ཁམས་དང་མི་ཆོས་རིག་གནས་ཞི་མཐུན་འཕེལ་རྒྱས་བྱུང་བའི་དཔེ་སྟོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-06

    བྲག་སྨུག་གྲོང་རྡལ་གྱི་ས་གནས་མང་ཚོགས་ཀྱི་གླེང་མོལ་ལས། གསར་འགོད་པ་རེ་ཞིག་ཡུལ་དུས་བརྒལ་ཏེ་ལུང་སྟོང་གི་སྦྲ་གུར་ནང་སྡོད་པ་ནས་དར་རྒྱས་ཆེ་བའི་གྲོང་རྡལ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་ས་གནས་དེ་གའི་འཕེལ་རྒྱས་ཀྱི་དཔང་པོ་བྱེད་པའི་ཚོར་སྣང་བྱུང་། རླངས་འཁོར་བཏང་ནས་འཁྱགས་ས་དང་སྔོ་ལྗང་འདྲེས་མའི་མཚོ་བོད་གཞུང་ལམ་བརྒྱུད་རྗེས་ས་བབ་མཐོ་ཚད་ལ་སྨི་4721ཟིན་པའི་སར་འབྱོར་ཞིང་། མིག་ལམ་དུ་མངོན་པ་ནི་གྲལ་སྟར་འགྲིག་པའི་ཨར་འདམ་ཁང་པ་དང་སྣ་མང་ཕུན་སུམ་ཚོགས་པའི་ཚོང་ཁང་རེད།

    ས་སྲོས་སུ་དེ་སྔའི་འུར་སྒྲ་ཆེ་བའི་ཁྲའེ་ཡིའུ་སྣུམ་གྱི་གློག་གཏོང་འཕྲུལ་འཁོར་མཐོང་རྒྱུ་མེད་པར་དབེན་འཇགས་ཀྱི་ཀློང་དུ་སྦྲུལ་ཆུ་དལ་གྱིས་བཞུར་བཞིན་མཆིས། མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཚོང་ལས་དར་རྒྱས་ཆེ་བ། སྣ་མང་རིག་གནས་མཉམ་འདྲེས་བཅས་བྱུང་ཡོད། བྲག་སྨུག་ནི“བོད་ཀྱི་བྱང་སྒོ་ཆེན་པོ”ཙམ་མ་ཟད། སྐྱེ་ཁམས་དང་མི་ཆོས་རིག་གནས་ཞི་མཐུན་འཕེལ་རྒྱས་བྱུང་བའི་དཔེ་སྟོན་ཞིག་དེ་བས་ཡིན་པ་གསར་འགོད་པར་ཚོར་བྱུང་། བྲག་སྨུག་གྲོང་རྡལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བྲག་སྨུག་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་པའི་རེ་བ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།