དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་2024ལོའི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གསར་གཏོད་ནུས་པ་ཆེར་གཏོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-06

    ཉེ་ཆར། མངའ་རིས་ས་ཁུལ་གྱིས་2024ལོའི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གསར་གཏོད་ནུས་པ་ཆེར་གཏོང་གི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ལས་ཀ་བྱེད་མཁན་ཚོས་བཞུཌ་མོལ་དང་སྤེལ་རེས་བྱས་པ་བརྒྱུད་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་ཐབས་ཇུས་གསར་པ་དང་། ཐབས་ལམ་གསར་པ། རྣམ་པ་གསར་པ་བཅས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ། ཚན་རྩལ་གསར་གཏོད་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྒུལ་ཤུགས་གསར་པ་སྣོན་ཆེད་རེད། བྱེད་སྒོ་སྤེལ་རིང“ཕུན་ཚོགས་ཁང་བཟང”སྤུས་རྟགས་ཀྱི་སྲོལ་གཏོད་པ་དང་བོད་ཀྱི་རིག་གནས་སྒྱུ་རྩལ་སྤུས་རྟགས་ཀྱི“ཐི་ཧུའུ”མཉམ་འབྲེལ་སྲོལ་གཏོད་མཁན་གྱིས་རང་ཉིད་ཀྱི་ཉམས་མྱོང་དང་ལག་ལེན་ཟུང་འབྲེལ་བྱས་ནས་ཚོགས་ཞུགས་མི་སྣ་དང་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་ཡོད།

    མངའ་རིས་ས་ཁུལ་ཁྱུང་དཀར་གསར་གཏོད་སྨྱན་སྦྱོར་བརྡ་ཁྱབ་ཚད་ཡོད་ཀུང་སིའི་དགྲ་འདུལ་གྱིས“སྲོལ་གཏོད་མཁན་གཉིས་ཀྱི་འཆད་ཁྲིད་ཉན་པ་བརྒྱུད་རིག་གནས་གསར་གཏོད་ལ་དེ་བས་ངོས་འཛིན་ཟབ་མོ་བྱུང་སོང་། ངས་དེ་རིང་སྦྱངས་པའི་ཤེས་བྱ་དག་ལག་ལེན་ཁྲོད་སྤྱད་ནས་མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་གསར་གཏོད་དང་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།