དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སུ་འཛད་རྫས་རིགས་ཁྲི་1518.5མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-05

    ཉིན་ཤས་གོང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཁོངས་གཏོགས་ཀྱི་ཀྲུང་གོའི་དངོས་རྫས་ཨང་སྒྲིག་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་སུ་འཛད་རྫས་རིགས་ཁྲི་1518.5མང་དུ་ཕྱིན་ནས་དུས་མཚུངས་ལས་13.1%འཕར་ཡོད་པ་རེད།

    སྣ་ཁའི་ཐོག་ནས་བལྟས་ན། ལྷམ་རིགས་ཐོན་རྫས་དང་། ཁྱིམ་སྤྱོད་དང་གཞུང་ལས་སྤྱོད་ཆས། ཐབ་ཆས་སོགས་ཐོན་རྫས་རིགས་ཀྱི་གྲངས་འབོར་རིགས་ཁྲི་144.6དང་། རིགས་ཁྲི་59.2 རིགས་ཁྲི་42.9བཅས་སོ་སོར་འཕར་ནས་དུས་མཚུངས་ལས་35.7%དང་། 26.9% 46.3%བཅས་སོ་སོར་འཕར་ཡོད་པ་རེད།

    ས་ཁུལ་ནས་བལྟས་ན། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁོངས་ཆེན་པོ་གསུམ་གྱི་འཛད་རྫས་ཀྱི་གྲངས་འབོར་རིགས་ཁྲི་1244.4དང་། རིགས་ཁྲི་144.0 རིགས་ཁྲི་91.9བཅས་སོ་སོར་འཕར་ཏེ་དུས་མཚུངས་ལས་11.0%དང་། 35.8% 23.7%བཅས་སོ་སོར་འཕར་ཡོད། དེའི་ནང་ཟླ་9པར་འཛད་རྫས་རིགས་ཁྲི་159.0མང་དུ་ཕྱིན་ནས་དུས་མཚུངས་ལས་25.0%འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་ལས་མགྱོགས་པ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།