དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་རྩ་འཛུགས་པུའུ་དང་ཁྲིམས་འཛིན་པུས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་གཞོན་ནུ་ཏང་ཡོན་ཁྲིམས་རྩོད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-11-05

    ཟླ་10ཚེས་24ནས་26ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཁྲིམས་འཛིན་པུས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་གཞོན་ནུ་ཏང་ཡོན་ཁྲིམས་རྩོད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་རྒྱལ་ཡོངས་ཀྱི་གཞོན་ནུ་ཏང་ཡོན་ཁྲིམས་རྩོད་པར་གཅིག་སྡུད་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་ན་ནིང་རྒྱལ་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་གཉེར་རྗེས། ཁྲིམས་རྩོད་པའི་དཔུང་ཁག་གི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་གཞན་ཞིག་རེད། གསོ་སྦྱོང་ནང་ཞུགས་མཁན་ཚོས། ད་ཐེངས་ཀྱི་གསོ་སྦྱོང་ནི་སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་ཡོན་ཁྲིམས་རྩོད་པའི་དཔུང་ཁག་གི་ནུས་པ་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་བ། ན་གཞོན་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་ནུས་པ་འདོན་པར་སྐུལ་མ་གཏོང་བ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།