དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • པེ་ཅིང་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ལི་ལེན་ཧྭ།

    སེམས་གནས་ཐུབ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    2013ལོའི་ཟླ་7པར། ལི་ལེན་ཧྭ་པེ་ཅིང་ནས་ལྷ་སར་ཡོང་སྟེ་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཤིང་། ཁོང་གིས་ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པའི་འགན་ཁུར་ནས་ཞིབ་འཇུག་ཁང་དང་། གཞུང་ལས་པ་ཁོའོ། ཤེས་ལྡན་པའི་ལས་དོན་ཁོའོ། ཆ་འཕྲིན་ལྟེ་གནས་ཀྱི་ལས་དོན་སོགས་ཀྱི་ལས་བགོས་འགན་འཁྲི་འཁུར་ཡོད། དུས་མཚུངས་སུ་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་རྩ་འཛུགས་མི་དོན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རོགས་ཀྱང་བྱས་པ་རེད།

    བོད་སྐྱོར་རིང་། ཁོང་ལ་སྔ་རྗེས་སུ་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱི“ལྔ་བཞིའི་གཞོན་ནུའི”གཟེངས་རྟགས། བོད་རང་སྐྱོང་ལྗོངས་ཀྱི་ཁག་བདུན་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

    གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཤེས་ལྡན་པའི་བཅུར་འགག་གནད་དོན་བསལ་བ།

    བོད་སྐྱོར་རིང་། ལི་ལེན་ཧྭ་ཡིས་ཤེས་ལྡན་པ་གསོ་སྐྱོང་གི་ལས་འགན་གལ་ཆེན་དེར་དམ་པོར་དམིགས་ནས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི《དུས་སྐབས་གསར་པའི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》སྣེ་ཁྲིད་དེ་བཟོས་ཤིང་། ལྷ་ས་གྲོང་ཁྱེར་གྱི་ཤེས་ལྡན་པ་ཞིབ་འཇུག་ལྟེ་གནས་འཛུགས་པར་སྐུལ་འདེད་བཏང་བ་དང་། ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་5དང་ཤེས་ལྡན་པའི་ཚོཌ་པ་8འཛུཌ་རྒྱུའི་ནང་ཞུགས་ནས“མི་སྟོང་གི་འཆར་གཞི”ཡི་སྟོང་ཆ་བསྐངས་པ། མི་སྣ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་བ་བཅས་བྱས་ཤིང་། 《གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བརྟག་ཞིབ་དང་བསམ་གཞིག》སོགས་ཀྱི་བརྟག་ཞིབ་གྲུབ་འབྲས་དེ་ལྷ་ས་གྲོང་ཨུད་ཀྱིས་དང་ལེན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་བ་རེད།

    པེ་ཅིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པ་གྲོང་ཁུལ་དང་ཅུང་ཐག་རིང་བའི་སློབ་གསོའི་གྲོང་དུ་སྡོད་པ་མ་ཟད་ལས་ཀ་དང་འཚོ་བར་སྟབས་བདེ་མེད་ཚུལ་ཤེས་རྟོགས་བྱུང་རྗེས། ལི་ལེན་ཧྭ་ཡིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱིས་བོད་སྐྱོར་མ་དངུལ་དང་གྲོང་ཁྱེར་གྱི་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་བསྡུ་སྒྲིལ་བྱས་ནས་སྤྱི་ཤག་11ཉོས་ཏེ་ཚང་མའི་སྡོད་སའི་གནད་དོན་ཐག་གཅོད་བྱས་ཡོད། དེའི་རྨང་གཞིའི་ཐོག་ལྗོངས་ཡོངས་སུ་སྔོན་ལ་ཤེས་ལྡན་པའི་སྤྱི་ཤག་ཁག་གཅིག་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་ཐོབ་སྣང་ཆེ་རུ་བཏང་བ་རེད།

    འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཤེས་ལྡན་པ་དང་རིག་སྟོབས་རོགས་སྐྱོར་དེ་གཞི་རིམ་དུ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་པ་དང་རིག་སྟོབས་རོགས་སྐྱོར་དེ་ཚན་པའི་གཅིག་སྡུད་གསོ་སྦྱོང་ནས་གཅིག་སྡུད་གསོ་སྦྱོང་དང་། གནས་སྦྱར་སྦྱོང་བརྡར། ཚན་ཞིབ་རོགས་སྐྱོར་བཅས་མཉམ་གཉེར་ཕྱོགས་སུ་བསྒྱུར་ཡོད། པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱི་ཤེས་ལྡན་པ་དང་རིག་སྟོབས་རོགས་སྐྱོར་རྣམ་གྲངས་120སྒྲིག་འཛུགས་ལག་བསྟར་བྱས་པ་མ་ཟད། ཤེས་ལྡན་པ་མི་ཐེངས་6000ཙམ་གསོ་སྐྱོང་དང་སྦྱོང་བརྡར་བྱས་ཏེ་སྨན་བཅོས་ཤེས་ལྡན་པ་དང་དགེ་རྒན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་རོགས་བྱས་ནས་ལྷ་སའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

    ཚད་ལྡན་དོ་དམ་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་དཔུང་ཁག་དོ་དམ་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ།

    ལས་བྱེད་པའི་དཔུང་ཁག་གི་སྲིད་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། བོད་སྐྱོར་རིང་ལི་ལེན་ཧྭ་ཡིས། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་དེ《ལས་ཁུངས་ཀྱི་ལས་བྱེད་པ་དང་བྱ་གཞག་ཚན་པའི་ལས་དོན་པ་སྐོང་འཐེན་དང་སྐོང་གཡར་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》དང《གསར་དུ་བསྡུས་པའི་གཞུང་ལས་པ་དང་བྱ་གཞག་ཚན་པའི་ལས་དོན་པའི་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཞིབ་འཇུག་བྱས་ནས་བཟོས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གཞུང་ལས་པའི་དཔུང་ཁག་སྐོང་འཐེན་དང་སྐོང་གཡར་གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ་གཞི་རིམ་གྱི་ལས་བྱེད་ལས་བཟོའི་དཔུང་ཁག་བརྟན་པོ་ཡོང་བར་བྱས་པ་རེད།

    ལྷ་ས་གྲོང་ཨུད་རྩ་འཛུགས་པུས་པེ་ཅིང་གྲོང་ཁྱེར་གྱི་གཞུང་ལས་པའི་དོ་དམ་ཉམས་མྱོང་དཔྱད་གཞིར་བཟུང་ནས་གཞུང་ལས་པའི་དུས་རྒྱུན་གྱི་དཔྱད་ཞིབ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་དང་། གཞུང་ལས་པའི་ལོ་འཁོར་དཔྱད་ཞིབ་འཐུས་སྒོ་ཚང་དུ་བཏང་ནས་དཔྱད་ཞིབ་ཀྱི་ཕྱོགས་སྟོན་ནུས་པ་བཏོན་ཡོད། གཞུང་ལས་པའི་ཐོག་མའི་འགན་འཁུར་གསོ་སྦྱོང་བྱེད་ཐབས་གསར་གཏོད་བྱས་པ་དང་། ཤེས་ལྡན་པ་དང་རིག་སྟོབས་ཀྱི་རོགས་སྐྱོར་ལས་སྟེགས་ལ་བརྟེན་ནས་ལོ་ལྟར་གཞི་རིམ་གྱི་གཞུང་ལས་པ་ཕུལ་བྱུང་30རེ་བདམས་ཏེ་པེ་ཅིང་དང་ཅང་སུའུ་ཡི་གཞུང་ལས་པའི་ཐོག་མའི་འགན་འཁུར་གསོ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག་སྟེ། གཞི་རིམ་གྱི་གཞུང་ལས་པའི་འགན་སྒྲུབ་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།

    དེ་དང་དུས་མཚུངས“འདྲ་མཉམ་དང་། དྲང་གཞག ཁ་གསལ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་རྫོང(ཆུས)ཁག་གི་མི་སྣའི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཤིང་། ལས་བགོས་མངགས་གཏོང་གི་ཇུས་གཞི་བཟོས་ནས་འཕྲལ་མར་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་དང་། སློབ་ཆེན་ཐོན་པའི“གྲོང་དཔོན”དང་། ཤང་དང་གྲོང་རྡལ་གྱི་གཞུང་ལས་པ། གཞི་རིམ་སྲིད་ཁྲིམས་སྡེ་ཚན་གྱི་གཞུང་ལས་པ་བཅས་ཀྱི་ལས་བགོས་ལས་དོན་ཡག་པོ་བསྒྲུབས་ནས་གཞི་རིམ་གྱི་ལས་དོན་སྟོབས་ཤུགས་ཆེ་རུ་བཏང་ཡོད།

    རང་ངོས་ཀྱི་ལེགས་ཆ་བཏོན་ཏེ་རོགས་སྐྱོར་བྱ་ཡུལ་ལ་ཕྱོགས་མང་པོ་ནས་རོགས་སྐྱོར་བརྩོན་ལེན་བྱས་པ།

    བོད་སྐྱོར་རིང་། ལི་ལེན་ཧྭ་ཡིས་སྔ་ཕྱི་བར་གསུམ་དུ་པེ་ཅིང་དང་ལྷ་ས་གཉིས་ཀྱི་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་ལས་འགན་གལ་ཆེན་དུ་བརྩིས་ནས། སྤེལ་རེས་སློབ་སྦྱོང་གི་ལས་སྟེགས་ཧུར་ཐག་བཏོད་དེ་ལྷ་སར་ལེགས་ཆའི་ཐོན་ཁུངས་དེ་བས་མང་བའི་རྒྱབ་སྐྱོར་འཐོབ་རྒྱུར་བརྩོན་ལེན་ཧུར་ཐག་བྱས་པ་རེད།

    2013ལོར་ལི་ལེན་ཧྭ་ཡིས་ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་དུ་རྟོག་ཞིབ་བྱེད་པར་བསྐྱོད་ཅིང་། ས་གནས་གཉིས་དབར་ཁྱོན་ཡོངས་ཀྱི་མཉམ་ལས་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་མཉམ་ལས་སྤེལ་རེས་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། བོད་སྐྱོར་མ་དངུལ་བརྩོན་ལེན་བྱས་ནས་ལྷ་ས་གྲོང་ཁྱེར་རྩ་འཛུགས་པུའི་ལས་དོན་གྱི་དྲ་རྒྱ་བཟོས་ཁར་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་དྲ་རྒྱ་ཆེ་གྲས་དང་སྦྲེལ་མཐུད་བྱས་པར་བརྟེན། ཐོན་ཁུངས་མཉམ་སྤྱོད་དང་རྩ་འཛུགས་ལས་དོན་གྱི་དྲ་རྒྱའི་མི་སྣ་གནད་ནས་གནད་བར་ཁྱབ་པ་མངོན་འགྱུར་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱི་དྲ་ཐོག་སློབ་གསོའི་ལས་སྟེགས་བསྐྲུན་ནས་སློབ་གསོ་སྤུས་ལེགས་ཀྱི་གསོ་སྦྱོང་ཐོན་ཁུངས་བསྡུ་སྒྲིལ་གྱིས་ལས་བྱེད་པའི་སློབ་སྦྱོང་གི་དགོས་མཁོ་གང་ཐུབ་བསྐངས་པ་དང་། བོད་སྐྱོར་ཁྱབ་ཁོངས་ཀྱི་བཀག་རྒྱ་རང་འགུལ་ངང་བསལ་ནས་པེ་ཅིང་དགེ་རྒན་གྱི་སྒྲིག་གཞི་འཛུགས་པ་ནས་ལྷ་སའི་སློབ་གྲྭ་ཁག་ཏུ་སློབ་གསོའི་བོད་སྐྱོར་བྱེད་པའི་བར་སྐུལ་འདེད་བཏང་སྟེ། རོཌ་སྐྱོར་བྱ་ཡུལ་གྱི་དགོས་མཁོ་དངོས་ལ་བརྟེན་ནས་བོད་སྐྱོར་ལས་དོན་གྱི་ཁ་ཕྱོགས་གཏན་འཁེལ་དངོས་འབྲེལ་ཐུབ་པར་བྱས་པ་རེད།

    ལོ་གསུམ་གྱི་བོད་སྐྱོར་དུས་ཚོད་ཐིམ་ནས་ལྷ་ས་དང་ཁ་འབྲལ་སྐབས། ལི་ལེན་ཧྭ་ཡི་སེམས་ནང་འབྲལ་མི་འདོད་པའི་ཞེན་ཆགས་བྱུང་ཞིང་། ཁོང་གིས“བོད་སྐྱོར་གྱི་ལས་ཀ་བདམས་པ་ནི་འགན་འཁྲི་དང་ལས་འགན་བདམས་པ་ཞིག་རེད། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ་པ་ནི་བོད་སྐྱོར་ལས་བྱེད་པ་རང་ཉིད་ཀྱིས་སྒྲུབ་འོས་པའི་བྱ་བ་ཞིག་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།