དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་9པར་རང་ལྗོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    ཉེ་ཆར། གསར་འགོད་པས་ལྗོངས་ཡོངས་ཀྱི་སྤྱི་དམངས་ཀྱི་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་671.06ཟིན་པ་དེ་དུས་མཚུངས་ལས་6.2%འཕར་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ཟླ་9པ་ཁོ་ནར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་102.85ཟིན་ནས་ལོ་རྒྱུས་ཀྱི་རིན་ཐང་མཐོ་ཤོས་སུ་སླེབས་ཡོད་པ་རེད།

    གཞན་ཡང་ལྗོངས་ཡོངས་ཀྱི་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་དང་དངོས་ཟོག་དྲ་ཐོག་ཏུ་སིལ་ཚོང་དངུལ་འབོར་འཕར་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།