དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ལ་གྲུབ་འབྲས་ལེགས་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    ཉེ་ཆར། གསར་འགོད་པར་2024ལོའི་ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ཡུལ་སྐོར་བ་མང་བའི་དུས་ཀྱི་ཞབས་ཞུ་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ས་གནས་ས་ཐོག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། རྒྱལ་ཁབ་སྦྲག་སྲིད་ཅུས་ཏང་ཙུའུ་བཅས་ཀྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ཁྲོམ་རའི་གྲུབ་ཆ་སྔར་བས་རིམ་སྤོར་བྱུང་བ་དང་ལས་རིགས་འཕེལ་རྒྱས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས་ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་མུ་མཐུད་འཕར་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། སྦྲག་སྲིད་ལས་རིགས་ཀྱི་བསྐུར་མ་སྐྱེལ་འདྲེན་གྱི་ལས་སྒོ་ཁག་ཁྲི་15102.87ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་6.27%འཕར་ཡོད། དེའི་ནང་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་ཁྲི་2152.94ཟིན་པ་དེ་དུས་མཚུངས་ལས་26.80%འཕར་བ་དང་། སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་8.88ཟིན་པ་དེ་དུས་མཚུངས་ལས་21.63%འཕར་བ། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་5.92ཟིན་པ་དེ་དུས་མཚུངས་ལས་27.22%འཕར་ཡོད། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་འགྲོ་ཚད་དེ་དུས་མཚུངས་ཀྱི་དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་ཡོད་པས་གྲུབ་འབྲས་དགའ་འོས་པ་ཞིག་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།