བོད་ཀྱི་ཉིང་ཁྲིར་ས་མཐོའི་ཉ་ལས་དར་ཞིང་རྒྱས།
སྨན་གླིང་ཞིང་ར་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་གྲས་ཤིག་ཡིན། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་2022ལོའི་ཟླ་7པ་ནས་བཟུང་ས་མཐོའི་ཉ་ལས་གསོ་ཚགས་དང་ཐོན་ལས་ཅན་གྱི་འཚོལ་ཞིབ་བྱེད་འགོ་ཚུགས་པ་རེད། མིག་སྔར། ཞིང་རའི་ས་མཐོའི་ཉ་ལས་རྣམ་གྲངས་ཀྱི་རྫིང་བུར་ཉ་རིགས་གསོག་ཚད་རྒྱ་མ་ཁྲི་10ལྷག་ཙམ་ཟིན་པ་དང་ཉ་ལས་ཀྱི་སྣ་ཁ་11དང་འབྲེལ་བ་ཡོད་པ་རེད། འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་ཞིང་རའི་གཡོད་ལིན་ས་མཐོའི་ཉ་ལས་ཚན་རྩལ་གླིང་དུ་ཡུལ་དེ་གའི་ཁོར་ཡུག་བཟང་པོར་བརྟེན་ནས་བསྐྲུན་པའི་ཉ་རྫིང་ཡིན་པ།