དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བགྲོད་དཀའི་ལམ་བུ་རྡོག་པས་མནན། ཕུགས་འདུན་དོན་གཉེར་ཕྱོགས་སུ་འབད།

    ——གངས་ལྗོངས་ས་མཐོར་སྐྱོད་པ།(བར་ཆ)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-04

    གཞུང་ལམ་ནས་ལྕགས་ལམ་བར་དང་དྲ་ལམ་ནས་འགྲོ་ལམ་བར་མི་འགྲུལ་དང་། ཟོག་འགྲུལ། འཕྲིན་འགྲུལ་བཅས་འགོག་མེད་ཤར་གཏོང་ཐུབ་པའི་དེང་རབས་ཅན་གྱི་ལམ་བུར་དགའ་སྐྱོ་འདྲེས་མའི་འབད་འཐབ་ཀྱི་གཏམ་རྒྱུད་བརྩམས་ཡོད།

    བོད་ལྗོངས་ལྷོ་རྒྱུད་ཀྱི་རི་ལམ་དུ་སྐྱོད་སྐབས་རི་མཐོ་གཡང་གཟར་བ་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཕུད་རི་ཀླུང་གང་སར་མཐོང་རྒྱུ་ཡོད་པའི་གློག་གཏོང་སྐུད་ལམ་ལ་དོ་སྣང་དེ་ཙམ་ཡོང་མི་སྲིད། ཀྱག་ཀྱོག་གི་ལམ་བུ་དང་། གཡང་གཟར་གྱི་རི་བོ། གཅིག་ལ་གཅིག་སྦྲེལ་གྱི་ཆུ་བོ་བཅས་དང་བསྡུར་ཚེ། གློག་ལམ་གྱི་དྲ་བས་རི་མཐོ་གྲོག་རོང་དང་། གཙང་པོ་དང་ཆུ་བོ་ཆེན་པོ་འཕྲེད་དུ་བཅད་དེ་སྒང་གཤོང་མི་སྙོམས་པའི་རི་ཀླུང་གང་སར་སྐུད་ལམ་སྦྲེལ་ཏེ་དུད་ཚང་ཁྲི་སྟོང་མང་པོར་འོད་སྣང་དང་རེ་བ་སྦྱིན་ཡོད།

    ས་མཐོར་གློག་ཤིང་བཙུགས་ནས་གློག་གཏོང་བར་དཀའ་ངལ་ག་ཚོད་འཕྲད་སྲིད་དམ། བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་འབྲོག་ཁུལ་གྱི་མི་འབོར་དེ་བས་ཀྱང་ཉུང་ཉུང་རེད། རི་མཐོ་གཡང་གཟར་ཁྲོད་སྐྱོད་པ་དང་མཐོ་གྲང་གསོ་རླུང་མི་འདང་བ་ཁྱད་བསད་ཀྱིས་འཚོལ་ཞིབ་བྱེད་པ། རྙོག་འཛིང་ཆེ་བའི་ས་ཁམས་ཆགས་ཚུལ་བཅས་ཀྱི་མདུན་དུ་ས་ཡོམ་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་མང་པོ་ཐོན་སྲིད། བཅར་འདྲི་བྱེད་པའི་ལམ་བར་དུ་ང་ཚོར་རི་ཉིལ་བའི་གནས་ཚུལ་འཕྲད་པས་བསྐྱར་དུ་ལམ་བུ་གཞན་མི་འཚོལ་ཀ་མེད་བྱུང་།

    འོན་ཀྱང་ས་མཐོར་འཚོ་བ་སྐྱེལ་བཞིན་པའི་མི་སེར་ཚོའི་ངོས་ནས་བརྗོད་ན། གློག་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད། གངས་ལྗོངས་ཀྱི་མཐའ་མཚམས་ཡུལ་སྨད་ཤང་དུ་ཆུ་ཤུགས་གློག་ཁང་ཆུང་གྲས་ནས་དྲ་ཆེན་གྱི་གློག་གཏོང་ཐུབ་པ་ལས“གློག་ཡང་སེ་ཆད་དེ་གློག་ཆས་འཚིག་པའི་དུས་སྐབས་མཇུག་འགྲིལ་ཡོད” “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་དུ་ཕུན་ཚོགས་སྲན་མའི་ཕིང་ལས་སྣོན་ཆེད་ལས་མཉམ་ལས་ཁང་གིས་གློག་ཤུགས་ཅན་གྱི་སྒྲིག་ཆས་ཆ་ཚང་སྤྱད་པས། ཉིན་རེར་ཕིང་ཐོན་སྐྱེད་བྱེད་ཚད་རྒྱ་མ་200ནས་རྒྱ་མ་2000བར་མང་དུ་ཕྱིན་ཡོད། སྣང་རྫོང་དུ་གླང་མདུན་སྟར་ཁའི་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་སྒྲུབ་རིམ་གྱི་སྟོབས་ཤུགས་ཧ་ཅང་ཆེ་བ་དང་གློག་ཤུགས་ཅན་རིམ་སྤོར་བྱས་རྗེས་སྟར་ཁའི་སྤུས་ཚད་སོགས་གནད་སྨིན་ཚོད་འཛིན་ཐུབ་ཡོད། གློག་མཁོ་འདོན་བརྟན་པོ་ཐུབ་ཚེ་ཐོན་ལས་དར་རྒྱས་དང་ཕྱུག་འགྱུར་གྱི་རེ་བ་ཆེན་པོ་ཡོད།

    “གློག་ཤུགས་མཁའ་ལམ”དེ་ཕྱོགས་གཞན་ཞིག་ནས་བལྟས་ཚེ་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་པའི་འོད་ཟེར་ལམ་བུ་ཞིག་རེད། “དུས་དེ་ནས་བཟུང་རབ་རིབ་ཀྱི་སྣུམ་བཞུ་ལོ་རྒྱུས་སུ་གྱུར་ཡོད། རྔ་ཆེན་གློག་ཁང་གི་ཆུ་འཁྱིལ་སྒྲོ་གཤོག་འཁོར་སྐྱོད་བྱེད་སྐབས་ཉི་འོད་གྲོང་ཁྱེར་མཚན་མོའང་ཉི་མོ་ལྟར་གྱུར་ཡོད”དེ་ནི་ལོ་60ལྷག་ཙམ་གྱི་གོང་དུ་རྔ་ཆེན་གློག་ཁང་གིས་ལྷ་སར་དངོས་སུ་གློག་གཏོང་བའི་བརྗེད་པར་དཀའ་བའི་དུས་སྐབས་ཤིག་རེད། ད་ཆ། བོད་དུ“གློག་སྤྱོད་རྒྱུ་བྱུང་བ”ནས“གློག་ཡག་པོ་སྤྱོད་རྒྱུ་བྱུང་བའི”བར་དང་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་ཧུར་ཐག་བསྒྱུར་བར་བྱེད་བཞིན་ཡོད་པ་རེད། 2015ལོར་བོད་གློག་ཕྱིར་གཏོང་ཐེངས་དང་པོ་བྱས་པ་ནས་འདི་ལོའི་ཟླ་8ཚེས་30ཉིན་བར་བོད་ཀྱིས་རིམ་རྩིས་བརྒྱབ་ན་ཆུ་གློག་སོགས་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་146ཟིན་ནས། རང་རྒྱལ་གྱི་ནུས་རྒྱུ་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།

    “ས་མཐོར་སྐྱོད་ཐེངས་རེ་རེ་ནི་དཀའ་ཚེགས་ཆེ་བ་ཞིག་རེད”དོན་དངོས་ཐོག་འགོག་མེད་ཤར་གཏོང་ཐུབ་པ་ནི་གངས་ལྗོངས་ས་མཐོའི“གློག་ལམ”ཁོ་ན་ཙམ་མ་ཡིན་པར། ད་དུང་འཕེལ་རྒྱས་མྱུར་བའི་ལམ་བུ་ཡོད། བོད་སྐྱོད་ལམ་བུ་ནི་བྱ་རྒོད་གཅིག་པུས་མ་གཏོགས་འཕུར་མི་ཐུབ་པའི་ལམ་བུ་ཁོ་ན་ཙམ་མ་ཡིན་ལ་བོད་ཀྱི་གྲོང་ཚོ་ནི་སྐྱོད་པར་དཀའ་བའི་གྲོང་ཚོ་ཞིག་དེ་བས་ག་ལ་ཡིན། ལྷ་ས་ནས་ཉིང་ཁྲིའི་བར་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་3འཁོར་རིང་འགྲུལ་པ་མི་ཐེངས་ཁྲི་303.7དང་དངོས་ཟོག་ཏུན་ཁྲི་78.3སྐྱེལ་འདྲེན་བྱས་པ་དང་། དམངས་སྲོལ་གནས་ཚང་བཙུགས་པ། ཟོག་འགྲུལ་དང་ཡུལ་ཟོག་འཚོང་བ་སོགས་བྱེད་ཀྱི་ཡོད་པས“ས་མཐོའི་མཁའ་ལམ”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུར་གྱུར་ཡོད། འདི་ལོའི་ཟླ་3པའི་ཟླ་མཇུག་བར་བོད་ཀྱི་5Gདྲ་རྒྱ་དེ་རྫོང་རིམ་པའི་སྲིད་འཛིན་ཁུལ་གྱི་གྲོང་ཁུལ་གཙོ་བོ་དང་དེ་བཞིན་གཙོ་གནད་ཤང་དང་གྲོང་ཚོ་ཚང་མར་ཁྱབ་ཐུབ་པ་དང་། ཇོ་མོ་གླང་མའི་རི་རྩེར་5G-Aསྦྲེལ་ཚུགས་ཐོག་མ་ཤར་གཏོང་ཐུབ་པ། དྲ་ཐོག་ནས་སློབ་ཚན་ཁྲིད་པ་དང་། དྲ་ཐོག་ཏུ་ཚོང་ཁང་བཙུགས་པ། དྲ་ཐོག་ནས་སྨན་བཅོས་ཐུབ་པ་བཅས་བྱུང་བ་དང“གྲངས་འཛིན་མཁའ་ལམ”གྱིས་མཐོ་གྲང་གསོ་རླུང་དཀོན་པའི“འཕེལ་རྒྱས་འགྲོ་འགོར་བའི”རྣམ་པར་འགྱུར་ལྡོག་བྱུང་ཡོད། གཞུང་ལམ་ནས་ལྕགས་ལམ་བར་དང་། དྲ་ལམ་ནས་འགྲོ་ལམ་བར་མི་འགྲུལ་དང་། ཟོག་འགྲུལ། འཕྲིན་འགྲུལ་བཅས་འགོག་མེད་ཤར་གཏོང་ཐུབ་པའི་དེང་རབས་ཅན་གྱི་ལམ་བུར་དགའ་སྐྱོ་འདྲེས་མའི་འབད་འཐབ་ཀྱི་གཏམ་རྒྱུད་བརྩམས་ཡོད།

    འཛམ་གླིང་ཡང་རྩེའི་ཐོག་འགྲོ་ལམ་ནི་ངོ་མཚར་ཅན་ཞིག་ཡིན་ལ་རེ་བ་ཞིག་དེ་བས་ཀྱང་ཡིན། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་བརྒྱུད་དེ་ཞུམ་མེད་མདུན་སྐྱོད་བྱེད་པར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་པ་དང་། ཕུགས་ཀྱི་བདེ་མོའི་ཐང་ལ་སླེབས་དགོས་ན། ད་ལྟའི་རྨང་གཞིའི་ལམ་དུ་ཏན་ཏིག་བསྐྱོད་དགོས།

    (རྩོམ་པ་པོ་ནི་མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པུའི་རྩོམ་སྒྲིག་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།