དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་2024ལོའི་རྨོ་ཞིང་སྲུང་སྐྱོང་དཔྱད་ཞིབ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-04

    ཉེ་ཆར། ལྗོངས་ཡོངས་ཀྱི་2024ལོའི་རྨོ་ཞིང་སྲུང་སྐྱོང་དཔྱད་ཞིབ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཞིའུ་ཁྲང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་ཞིང་ནི་ཐོན་ཁུངས་རྩ་ཆེ་ཤོས་ཡིན་ལ། དམངས་འཚོའི་རྩ་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། རྨོ་ཞིང་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ཐད་གནས་པའི་གནད་དོན་ལ་གསེད་བཀྲོལ་དང་གྲལ་བཤེར་ནན་ཏན་བྱེད་པ། གནད་དོན་དག་ཐེར་གྱི་རྩིས་ཁྲ་བཟོ་བ། “དོན་དག་རེར་ཇུས་གཞི་རེ”ཡོད་པ་བཅས་བྱས་ནས་རྨོ་ཞིང་སྲུང་སྐྱོང་གི་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་འགྲོ་རྒྱུར་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་མཉམ་ཤུགས་གཅིག་སྒྲིལ། ཞིབ་དཔྱོད་དང་ལེན་གྱི་སྒྲིག་ཁྲིམས་ནན་པོ། ལས་ཀའི་སྤྲོ་སེམས་འཁོལ་པོ་དང་། ལས་ཀའི་སྤྱོད་ཚུལ་ཏན་ཏིག ལས་ཀའི་རྣམ་འགྱུར་གཟབ་ནན་བཅས་ཀྱི་སྒོ་ནས་དཔྱད་ཞིབ་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།