དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-04

     ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་2024ལོའི་ལས་དོན་གྱི་སྙན་སེང་ཉན་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དང་། ཉམས་མྱོང་ལ་ཕྱོགས་སྡོམ་སྔར་བས་བྱེད་པ། སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།