དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་འགོ་ཁྲིད་ལས་བྱེད་པའི་འཇོན་ཐང་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-04

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཡིས་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གསོ་སྦྱོང་བྱེད་སྟངས་གསར་གཏོད་ཟམ་མི་ཆད་པར་བྱས་ནས། རང་སར་སློབ་ཁྲིད་དང་། འགྲེལ་བཤད་སློབ་ཁྲིད། བཞུགས་མོལ་སྤེལ་རེས། ཡུལ་གཞན་དུ་གསོ་སྦྱོང་སོགས་ཀྱི་བྱེད་སྟངས་སྤྱད་པས་གསོ་སྦྱོང་གི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་ཕྱིན་ནས་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ནུས་པ་དང་། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདིང་བའི་ནུས་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ་བཅས་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་ཡོད། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཡི་དུས་ཐེངས་35པའི་རྫོང་དང་ཁྲུའུ་རིམ་པའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མས་ཧྲན་ཏུང་ཞིང་ཆེན་ཅི་ཉིང་ནུས་རྒྱུ་ཚོགས་པར་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།