དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་སྒྱུར་བཅོས་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-04

    “སྒྱུར་བཅོས་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱོད་པར་སྣང་ཆེན་བྱེད་དགོས” ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཐད་ཕྱོགས་མང་པོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་བླང་བྱ་ཁ་གསལ་བཏོན་ཡོད་ལ། “སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས”དང“གཏོར་བ་དང་འཛུགས་པའི་རྩོད་སྒྲུབ་གཅིག་གྱུར་མཐའ་འཁྱོངས”“སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས”“བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ”སོགས་ཀྱི་ཐད་རྒྱས་བཤད་གཏིང་ཟབ་གནང་ཡོད།

    སྒྱུར་བཅོས་ཐད་གཏོར་འཛུགས་གཉིས་ཀ་ཡོད་དགོས། བྱེད་ཐབས་བཟང་ན་ལས་དོན་ལེགས་པར་བསྒྲུབ་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ནང་གནས་ཀྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་གནང་བ་མ་ཟད། གསར་གཏོད་རང་བཞིན་གྱི་སྒོ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཚན་རིག་དང་མཐུན་པའི་བྱེད་ཐབས་དང་གོ་ཆོད་ཀྱི་ཐབས་ལམ་བཏོན་གནང་བར་བརྟེན་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ཕུན་སུམ་ཚོགས་ཤོས་དང་། ཆ་ཚང་ཤོས། བརྒྱུད་རིམ་ལྡན་ཤོས་བཅས་ཀྱི་སྒྱུར་བཅོས་ཀྱི་བརྟག་ཐབས་སྨྲ་བ་གྲུབ་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་དོན་ནི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་དང་ཚན་རིག་དང་མཐུན་པའི་བྱ་ཐབས་སྟངས་འཛིན་ཐུབ་པས་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“མ་ལག་འདུས་གྲུབ་ལ་དེ་བས་གཙིགས་ཆེན་དང་། གཙོ་གནད་འབུར་ཐོན་ལ་དེ་བས་གཙིགས་ཆེན། སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་དེ་བས་གཙིགས་ཆེན་བཅས་བྱེད་དགོས་པ”དང“རྩེ་རིམ་ཇུས་འགོད་དང་། སྤྱི་ཡོངས་འཆར་འགོད། གཏོར་འཛུགས་མཉམ་སྤེལ། སྔོན་འཛུགས་རྗེས་གཏོར་བཅས་ལ་ཤུགས་སྣོན་རྒྱག་དགོས་པ”སོགས་ཀྱི་བླང་བྱ་བཏོན་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་གི་བསམ་གཞིག་ཇུས་འགོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

    སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་རྩ་དོན་གལ་ཆེན་ཞིག་རེད། སྒྱུར་བཅོས་དང་ཁྲིམས་སྐྱོང་ནི་འདབ་ཆགས་ཀྱི་གཤོག་ཟུང་དང་རླངས་འཁོར་གྱི་འཁོར་ཟུང་དང་འདྲ་བར་གཅིག་ལ་གཅིག་བརྟེན་ཞིག་ཡིན་པས་གཅིག་མེད་ན་འགྲིག་ཐབས་མེད། སྒྱུར་བཅོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། སྒྱུར་བཅོས་ཀྱི་འགོག་རྐྱེན་སེལ་བ་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་བརྟན་དུ་གཏོང་བའི་ཁྲོད་ཀྱི་ཁྲིམས་སྐྱོང་གི་དགེ་མཚན་ལྡན་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་མཁས་པོ་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། གཞི་ནས་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཐུབ།

    གཏོར་བ་དང་འཛུགས་པའི་རྩོད་སྒྲུབ་གཅིག་གྱུར་མཐའ་འཁྱོངས་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན། སྒྱུར་བཅོས་ནི་རྙིང་གཏོར་གསར་འཛུགས་ཀྱི་བརྒྱུད་རིམ་ཞིག་ཡིན་ཞིང་། གཏོར་བ་ནི་བྱེད་ཐབས་དང་འཛུགས་པ་ནི་དམིགས་ཡུལ་ཡིན། གཏོར་འཛུགས་མཉམ་སྤེལ་དང་། སྔོན་འཛུགས་རྗེས་གཏོར། འཛུགས་གཏོར་མི་བྱེད་པ་བཅས་མཐའ་འཁྱོངས་བྱ་རྒྱུ་དེ་ནི་རང་རེའི་ཏང་གི་ཡུན་རིང་འབད་འཐབ་ཁྲོད་ཐོབ་པའི་རྩ་ཆེའི་ཉམས་མྱོང་ཞིག་ཡིན་པ་མ་ཟད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞིའི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་དེ་མངོན་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ལམ་ལུགས་འཛུགས་སྐྱོང་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གཏོར་འཛུགས་མཉམ་སྤེལ་དང་སྔོན་འཛུགས་རྗེས་གཏོར་དེ་བས་འབུར་དུ་ཐོན་པར་བྱས་ཏེ་འཛུགས་དགོས་རིགས་རང་འགུལ་ངང་བཙུགས་ཏེ་བརྟན་པོ་འཛུགས་ཐུབ་པ་དང་། སྤྱོད་ཐུབ་པ། དངོས་འབྲེལ་གོ་ཆོད་པ་བཅས་བྱེད་དགོས། གཏོར་དགོས་རིགས་འཛུགས་པའི་རྨང་གཞིའི་ཐོག་དུས་ཐོག་ཏུ་གཏོར་བ་དང་། མཐའ་གཅིག་ཏུ་གཏོར་བ། གཙང་མ་གཏོར་བ་བཅས་བྱེད་དགོས།

    སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ནི་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྐུལ་འདེད་གཏོང་བ་ཞིག་རེད། སྒྱུར་བཅོས་ཇི་ཙམ་ཟབ་ན། སྒོ་དབྱེའི་ཆུ་ཚད་ཀྱི་བླང་བྱ་དེ་ཙམ་གྱིས་མཐོ་བ་དང་། སྒོ་དབྱེའི་ཆུ་ཚད་ཇི་ཙམ་གྱིས་མཐོ་ན། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ནུས་པ་དེ་ཙམ་གྱིས་ཆེ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཆེན་པོ་རྒྱག་མི་སྲིད་པར་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་སྲིད”ཅེས་ནན་བཤད་ཐེངས་མང་གནང་ཡོད། ང་ཚོས་བཏོད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནི་ཕྱི་བཀག་ནང་སྡོམ་གྱི་རྒྱལ་ནང་གི་འཁོར་རྒྱུག་རྐྱང་པ་ཞིག་གཏན་ནས་མིན་པར། སྒོ་དབྱེ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཡིན།

    བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དེ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་འགག་རྩའི་གནས་ཤིག་ཡིན། “བཅུ་ཆ་གཅིག་བཀོད་སྒྲིག་ལ་ཐུག་པ་དང་བཅུ་ཆ་དགུ་དོན་འཁྱོལ་ལ་ཐུག་ཡོད”སྒྱུར་བཅོས་ཐད་ཇུས་འགོད་ལ་སྣང་ཆེན་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་ཀྱང་དམ་འཛིན་ཡག་པོ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་སྒྱུར་བཅོས་ཀྱི་བཀོད་སྒྲིག་གཙོ་བོ་ནི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཡིན་པས་ལག་ལེན་བསྟར་འཐུས་ཀྱི་སྒྱུར་བཅོས་ཇུས་གཞི་བཟོ་དགོས། སྒྱུར་བཅོས་ཀྱི་ཇུས་གཞི་ཇུས་འགོད་བྱེད་པར་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་སྒྱུར་བཅོས་བྱེད་ཐབས་ཁག་མཐུན་སྦྱོར་ཆ་འགྲིག་ཡོང་བར་དོ་སྣང་བྱས་ཏེ། སྒྱུར་བཅོས་ཁ་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཇེ་ཆེར་བཏང་སྟེ། འགག་སྒྲོལ་དཀའ་སེལ་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས། འགལ་བ་དང་གནད་དོན་ལ་ཁ་གཏད་འཇལ་བར་མི་གཡོལ་བ་དང་། གནད་དོན་ངན་རེངས་སེལ་བར་ཐེ་ཚོམ་མི་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་ཕྱིར་བཤོལ་མི་བྱེད་པ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སྒྱུར་བཅོས་ཁྲོད་ཚ་ཚ་འུར་འུར་ངང་ཞུགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱོད་མཁས་པོ་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་བཅས་བྱས་ཚེ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་དང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།