“Zལོ་རབས”ཀྱི་གཞོན་ནུས་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་པ།
འདི་ནི་ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་འདབས་ཁུལ་གྱི་ཏ་ཐུང་གྲོང་རྡལ་ཏ་ཡོན་གྲོང་ཚོའི་ཧྲན་ལི་ཤང་ཚུན་གྱི་ཚོམས་ཆེན་ནས་པར་དུ་བླངས་པའི་ཐུང་ལིང་དྲི་ཞིམ་ཆུའི་ཐོན་རྫས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཏོན་གྱིས་པར་བླངས།
སྤོས་ཀྱི་རིག་གནས་ཤེས་རྟོགས་དང་། སྤོས་སྤོར་བའི་གུས་ལུགས་སློབ་སྦྱོང་བྱེད་པ། སྤོས་ཕྲེང་བཟོ་བ་སོགས་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་སྤོས་བཟོ་ཁང་དུ་སི་ཁྲོན་ནས་ཡིན་པའི་00ནང་སྐྱེས་ཀྱི་ཡུལ་སྐོར་བ་མཱ་མོང་གིས་སྤོས་ཀྱི་རྒྱུ་ཆ་སྣ་ཚོགས་ཤེས་རྟོགས་དང་ངོས་འཛིན་བྱེད་བཞིན་ཡོད། སྲོལ་རྒྱུན་གྱི་སྤོས་བཟོ་རྩལ་སློབ་སྦྱོང་དང་བསྡུར་ན་མི་དམངས་ཤོག་སྒོར་200ཡས་མས་ཟིན་པའི་ཉམས་ལེན་རྣམ་པའི་འཛད་སྤྱོད་དེ་རིགས་ཀྱིས་སྤོས་བཟོ་རྩལ་ཐོག་མར་སྦྱོང་བའི་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
སྤོས་བཟོ་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གུང་གསེང་རིང་སློབ་ཚན་ནང་ཞུགས་མཁན་ཧ་ཅང་མང་པོ་ཡོད་པས་མི་མང་པོ་ཞིག་བང་སྒྲིག་ནས་སྒུག་དགོས་ཀྱི་ཡོད། “ད་ལྟ་90ནང་སྐྱེས་དང་00ནང་སྐྱེས་ཀྱི་ན་གཞོན་ཉམས་ལེན་པ་ཇེ་མང་དུ་ཕྱིན་པ་དང་། ཐ་ན་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་དགའ་པོ་བྱེད་མཁན་ཕྱི་རྒྱལ་བ་ཡང་ཆེད་མངགས་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་གི་ཡོད” (Zལོ་རབས་ལ“དྲ་རྒྱའི་དུས་རབས་ཀྱི་མི་སྣ”དང“དྲ་སྦྲེལ་ལོ་རབས”ཞེས་ཟེར་ཞིང་། དེ་ནི་1995ལོ་ནས་2009ལོའི་བར་སྐྱེས་པའི་མི་རབས་དེར་གོ་ཡི་ཡོད)
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་གཞི་རྒྱུ་འདྲེས་པའི“ཀྲུང་ལུགས”ཀྱི་སྤོས་ཀྱིས་དེའི་ཁྱད་འཕགས་ཀྱི་དྲི་ཞིམ་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་གཞོན་ནུའི་ཡིད་དབང་བཀུག་ཡོད། “ཀྲུང་ལུགས་གསར་པའི”དྲི་ཞིམ་ཆུ་ལ་ཡང་དགའ་པོ་བྱེད་མཁན་མང་པོ་ཡོད། དྲི་ཞིམ་ཆུ་ཚོང་མཁན་གྱིས་ཀྲུང་གོ་བས་དགའ་པོ་བྱེད་ལ་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ལྡན་པའི་ཤར་ཕྱོགས་ཀྱི་དྲི་མ་ཞིམ་པོ་ཞིག་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་བཞིན་ཡོད།
ལས་རིགས་གཅིག་པའི་མི་སྣས་ངོས་འཛིན་བྱས་དོན། སྔོན་ཆད་ཕྱི་རྒྱལ་གྱི་སྤུས་རྟགས་ཀྱིས་ཀྲུང་གོའི་དྲི་ཞིམ་ཆུའི་ཁྲོམ་ར་བཟུང་ཚད་70%ལྷག་ཙམ་ཟིན་ཡོད། འདི་ལོ་ཚུན་ཀྲུང་ལུགས་གསར་པའི་དྲི་ཞིམ་ཆུར་དོ་ཁུར་བྱེད་མང་དུ་ཕྱིན་ཡོད། ཀྲུང་གོ་ནས་ཐོན་སྐྱེད་བྱས་པའི་སྤུས་རྟགས་ཀྱིས་སྲོལ་རྒྱུན་དང་གསར་གཏོད་དེ་བས་ལེགས་པའི་ངང་དོ་སྙོམས་ཡོང་བ་བྱས་ནས་ལས་རིགས་ཀྱི་ཚད་གཞི་བཟོས་ཏེ་ཤར་ཕྱོགས་ཀྱི་དྲི་ཞིམ་ཆུ་དེ་བས་རྒྱ་ཆེ་བའི་ཁྲོམ་རར་གཏོང་བ་དེ་གལ་འགངས་ཧ་ཅང་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
—— རི་པིན་གྱི《ཤར་ཕྱོགས་ཚགས་པར་གསར་པའི》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།