གཙང་གསུམ་ཆུ་འགོ་ནས་ཡུལ་ཤུལ་གྱི་ཕ་ཝང་རིགས་གསར་པ་རྙེད་པ།
འདི་ནི་ཞིབ་འཇུག་མི་སྣས་པར་བླངས་པའི་ཡུལ་ཤུལ་གྱི་ཕ་ཝང་སྦུག་སྣ་ཅན་གྱི་ངོ་དབྱིབས་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། 2018ལོར་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་ཡུལ་ཤུལ་གྲོང་ཁྱེར་དུ་བཞུར་བའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་འབའ་ཐང་གཙང་པོར་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་སྐབས་ཆུ་འགྲམ་གྱི་བྲག་ཕུག་ཅིག་ནས(ས་བབ་སྨི་3770ཟིན་པ)དགུན་ཉལ་རྒྱག་བཞིན་པའི་ཕ་ཝང་སྦུག་སྣ་ཅན་ཞིག་མཐོང་། དེའི་གཟུགས་པོ་ནི་མིག་སྔར་ཤེས་རྟོགས་ཐུབ་པའི་ཕ་ཝང་སྦུག་སྣ་ཅན་གཞན་དག་ལས་མངོན་གསལ་དོད་པོས་ཆུང་བ་ཡོད་པ་དང་། ཕ་ཝང་སྦུག་སྣ་ཅན་གྱི་རིགས་གཞན་དག་དང་བསྡུར་ན་ཧེ་བག་མངོན་གསལ་དོད་པོ་ཡོད་པ་རེད།
ཡུལ་ཤུལ་གྱི་ཕ་ཝང་སྦུག་སྣ་ཅན་ཤེས་རྟོགས་ཐུབ་ས་དེ་ནི་མཐོ་གྲང་གསོ་རླུང་དཀོན་པའི་གཙང་གསུམ་ཆུ་འགོའི་ཁུལ་དུ་ཡོད་ཅིང་། ཕ་ཝང་དེ་རིགས་ཤེས་རྟོགས་ཐུབ་པ་དེས་ཕ་ཝང་སྦུག་སྣ་ཅན་གྱི་རིགས་གནས་སྤོ་དང་ཁྱབ་མཆེད་འགྲོ་སྟངས་དང་དེ་བཞིན་ས་བབ་མཐོ་བའི་ཁོར་ཡུག་ཞན་པོར་འཕྲོད་ནུས་ལ་ཤེས་རྟོགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།