དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཁྲོད་ལེགས་འཕེལ་བྱུང་བ།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1785.74ཟིན་ནས་དུས་མཚུངས་ལས་6.2%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-03

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་བཀོད་སྒྲིག་དང་། སྐུལ་འདེད། བཀོད་གཏོང་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མ་འཇོག་རྒྱ་ཆེར་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། གདེང་ཚོད་འཕེལ་བ། འཕར་སྣོན་བརྟན་པོ་ཡོང་བ། ལས་དོན་དོན་འཁྱོལ་ལ་སྔར་བས་དམ་འཛིན་བྱེད་པ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རང་ཉིད་ཀྱིས་འགན་འཁྲི་གཙང་ལེན་བྱེད་པ། ནུས་ལྡན་མ་འཇོག་རྒྱུན་མཐུད་རྒྱ་ཆེར་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཁྲོད་ལེགས་འཕེལ་བྱུང་ནས་དཔལ་འབྱོར་གྱི་སྟོན་གྲངས་གཙོ་བོ་འཕར་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1785.74ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་6.2%འཕར་ཡོད་པ་རེད།

    ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་139.13ཟིན་ནས་14.9%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་739.79ཟིན་ནས་10.9%འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་906.82ཟིན་ནས་2.5%འཕར་ཡོད་པ་རེད།

    ལས་རིགས་དབྱེ་ནས་བལྟས་ན། ཞིང་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་ཏེ་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་སུ་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་184.42ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་14.8%འཕར་ཡོད་པ་རེད། བཟོ་ལས་ཐོན་སྐྱེད་བརྟན་པོ་བྱུང་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་18.8%འཕར་བ་དེ་ཟླ་དང་པོ་ནས་བརྒྱད་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.5མགྱོགས་སུ་ཕྱིན་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་13གྱིས་མཐོ་བ་ཡོད་པ་རེད། ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་ནས་ཟླ་དང་པོ་ནས་བརྒྱད་པའི་བར་གཞི་ཁྱོན་ཆེ་བའི་ཞབས་ཞུའི་ལས་རིགས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་239.59བྱུང་བ་དེ་དུས་མཚུངས་ལས་3.1%འཕར་ཡོད་པ་རེད། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཀར་འཇུག སྦྲག་སྲིད་ལས་རིགས་བཅས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་68.18ཟིན་ནས་17.6%འཕར་ཡོད་པ་རེད།

    ནོར་སྲིད་གཏོང་ཡོང་གི་གནས་ཚུལ་ལ་བལྟས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་203.78ཟིན་པ་དེ་དུས་མཚུངས་ལས་16.8%འཕར་ཡོད་པ་རེད། དེའི་ནང་ཁྲལ་འབབ་སྒོར་དུང་ཕྱུར་128.36ཟིན་ནས་10.9%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1997.74ཟིན་ནས་9.9%འཕར་ཏེ་འཕེལ་ཕྱོགས་མངོན་གསལ་དོད་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།