དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་265བར་སྤར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-03

    གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་7ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་265བར་སྤར་ཡོད་པ་རེད། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་ཆུ་ཚད་དུས་ཡུན་རིང་པོའི་ནང་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད།

    རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དེ་རྒྱལ་ཡོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་དང་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ལྟར་གྲུབ་པ་ཞིག་རེད། འདི་ལོའི་ལོ་སྟོད་དུ་དམངས་འཚོའི་བྱ་བ་དངོས་ཁག་21གི་གྲས་ཤིག་ཡིན་པའི་ངོས་ནས། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་སྒོར་10སྤར་ནས་མི་རེར་ཟླ་རེར་སྒོར་245ཟིན་ཡོད་པ་རེད།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྣམས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཆེད། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྒྱལ་ཡོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་དེ་མི་རེར་ཟླ་རེར་སྒོར་20སྤར་ཡོད་པ་སྟེ། མི་རེར་ཟླ་རེར་སྒོར་245ནས་མི་རེར་ཟླ་རེར་སྒོར་265བར་སྤར་བ་དང་། དེར་མཁོ་བའི་མ་དངུལ་དག་ཀྲུང་དབྱང་ནོར་སྲིད་ནས་ཆ་ཚང་ཁ་གསབ་རོགས་རམ་བྱེད་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་གིས་ཚད་གཞི་མཐོ་རུ་བཏང་བའི་རྨང་གཞིའི་ཐོག་རང་ལྗོངས་ཀྱིས་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་མཐོ་རུ་གཏོང་རྒྱུ་དེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་གལ་ཆེའི་ནང་དོན་ཞིག་ཏུ་བརྩིས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ནང་བཅུག་ཡོད། 2009ལོ་ནས་བཟུང་ཚད་གཞི་ཐེངས་མང་སྤར་ཏེ། མི་རེར་ཟླ་རེར་སྒོར་55ནས་སྒོར་265བར་སྤར་ནས་རྒན་གསོའི་འགན་བཅོལ་ཆུ་ཚད་རིམ་བཞིན་མཐོ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།