དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་བསྟུན་མདུན་སྐྱོད་བྱེད།

    གངས་ལྗོངས་ས་མཐོར་བསྐྱོད་པ། (སྟོད་ཆ)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྲེང་ཡུས་ལེ།   |     སྤེལ་དུས།  2024-11-02

    ཐབས་སྒྱུར་ལས་བགོས་དང་མཐུན་སྦྱོར་གསབ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་མཚན་ཆེ་རིགས་བཏོན་ཚེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ངེས་གནས་གནད་ལ་འཁེལ་པོས་འཚོལ་ཐུབ་པ་དང་། དགེ་སྐྱོན་གསབ་རེས་དང་ལེགས་གསོ་ཕན་ཆེ་མངོན་འགྱུར་ཡོང་ཐུབ།

    ཐོན་ལས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གང་ཞིག་ཡིན་རུང་ཐོན་ལས་ཀྱི་ཇུས་འགོད་དང་བཀོད་ཇུས་ནི་གལ་ཆེའི་ནང་གི་འགངས་ཆེ་ཡིན། 2011ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཕྱི་གྲོང་ཚོར་རྟོག་ཞིབ་གནང་སྐབས“བོད་ཀྱི་ཐོན་ཁུངས་ནི་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། ཁ་ཤས་ནི་ཧ་ཅང་དམིགས་བསལ་ཆེ་བས་ད་དུང་རྗེས་ཐོན་ལེགས་ཆ་ཧ་ཅང་ཆེན་པོ་ལྡན་ཡོད། གཞན་ལ་མེད་པ་རང་ལ་ཡོད་པ་དང་གཞན་ལ་ཡོད་ན་རང་ལ་དེ་བས་ལེགས་པ་ཡོད་པ་མ་ཟད། སླད་ཕྱིན་དེ་བས་རྩ་ཆེ་རུ་འགྲོ་སྲིད”ཅེས་གསུངས་མྱོང་ཡོད། དེ་ལས་ང་ཚོར་རང་ལ་ཐོན་ཁུངས་ཡོད་ན་ཐོན་ཁུངས་དེ་བས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་གཏོང་མཁས་པོ་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་འབྲེལ་འགྱུར་བར་བྱེད་དགོས་པའི་བློ་སྒོ་ཕྱེ་ཡོད།

    ས་གནས་ཁག་གི་ཐོན་ཁུངས་ཀྱི་ལེགས་ཆ་མི་འདྲ་བ་དང་རྨང་གཞིའི་ཆ་རྐྱེན་མི་འདྲ་བས་ཇི་ལྟར་བྱས་ཏེ་སེམས་རྩེ་གཅིག་ཏུ་གཞོལ་བ་དང་ཁྱད་ལྡན་སྔོག་འདོན་བྱེད་དགོས་སམ་ཞེས་ན། སྟོབས་ཤུགས་གསོག་འཇོག་བྱས་ཏེ། “རང་གི་ལེགས་ཆ་འདོན་སྤེལ་བྱས་ནས་རང་ཉིད་དང་འཚམ་པའི་དར་རྒྱས་ཀྱི་ལམ་བུར་སྐྱོད་དགོས” སྣང་རྫོང་གི་སུར་པན་འདེབས་ལས་ལ་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། འོན་ཀྱང་གཙོ་བོ་ཁྱིམ་ཚང་ཚན་པར་བྱས་ནས་རང་མཁོ་རང་འདང་བྱེད་པ་ལས་ཁྲོམ་རར་འཚོང་བ་ཉུང་ཉུང་རེད། གཞི་ཁྱོན་ཆུང་བ་དང་། བཀོད་ཇུས་ཐར་ཐོར་ཡིན་པ། འབྲེལ་ཐག་ཐུང་བ་བཅས་ཡིན་ན་ཇི་ལྟར་བྱ་དགོས་སམ་ཞེ་ན། ས་གནས་དེ་གས་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱས་ཏེ་སྣ་ཁ་ལེགས་གཏོང་དང་། སྤུས་ཚད་མཐོར་གཏོང་། སྤུས་རྟགས་གཏོད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་སུར་པན་གྱི་སྨན་སྣ་དང་། དམར་འདུར། རྒྱ་ཁོག་གི་སྣུམ་སོགས་ཀྱི་ཐོན་རྫས་ཞིབ་སྤེལ་བྱས་ནས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད། ཡུལ་ཕྱོགས་ཤིག་གི་ས་ཆུར་དམིགས་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ། རང་ཉིད་ཀྱི་ལག་རྩལ་ཧུར་ཐག་སྦྱོང་བ་དང་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཚེ་གཞི་ནས་རྒྱ་ཆེའི་འཛད་སྤྱོད་པའི་ཁས་ལེན་ཐོབ་ནས་འགྲན་རྩོད་ཀྱི་ལེགས་ཆར་འགྱུར་ཐུབ།

    ཐོན་ཁུངས་བེད་སྤྱོད་ཁོ་ན་བཏང་བསྡད་ན་རྒྱུ་དངོས་སྟོང་པར་འགྱུར་སྲིད་པས་དུས་བབ་དང་བསྟུན་མཁས་པོ་བྱས་ཏེ་ལྟ་ཕྱོགས་གཞན་ཞིག་ནས་རང་ཡུལ་ལ་ལྟ་དགོས། ཀོང་པོ་རྒྱ་མདའ་རྫོང་བདུད་སྤྱི་གྲོང་ཚོར་བྱང་ཤར་ནས་ནང་འདྲེན་བྱས་པའི་ཤྭ་བ་160ལྷག་ཙམ་དེ་གར་བདེ་བླག་ངང་གསོ་ཚགས་ཐུབ་ནས་ས་གནས་དེ་གའི་མང་ཚོགས་ཀྱི་གསོ་ཚགས་ཕྱུག་འགྱུར་གྱི་བར་མཐོངས་གསར་པ་བཏོད་ཡོད། ཟངས་རི་རྫོང་མཐར་མོ་གྲོང་ཚོར་ཡུན་ནན་ནས་ཁྱེར་ཡོང་བའི་རྒུན་འབྲུམ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཡོད་པའི་ས་མཐོར་གྲུབ་འབྲས་ཐོབ་པའི་ངང་འདེབས་གསོ་ཐུབ་ནས་དེས་བསྙལ་བའི་རྒུན་ཆང་ས་གནས་དེ་གའི་མིང་བྱང་གསར་པར་གྱུར་ཡོད། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་ཁ་གཏད་བོད་སྐྱོར་སོགས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། བསྟུན་མཁས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གངས་ལྗོངས་ས་མཐོའི་གསོན་ཤུགས་དེ་བས་ཆེ་བ་དང་། གོ་སྐབས་དེ་བས་མང་བ། གཏིང་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག“ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་རྒོལ་གྱི་ཁ་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ཏེ་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། བབ་བསྟུན་འཕྲལ་སྒྲུབ་དང་བབ་བསྟུན་ལས་སྒྲུབ་བྱས་ཏེ་མཐོང་རྒྱ་ཡངས་པོས་ས་གནས་དེ་གའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་། ཐབས་སྒྱུར་ལས་བགོས་དང་མཐུན་སྦྱོར་གསབ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་མཚན་ཆེ་རིགས་འདོན་སྤེལ་བཅས་བྱས་ཚེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ངེས་གནས་གནད་ལ་འཁེལ་པོས་འཚོལ་ཐུབ་ནས་དགེ་སྐྱོན་གསབ་རེས་དང་ལེགས་གསོ་ཕན་ཆེ་མངོན་འགྱུར་ཡོང་ཐུབ།

    འདི་ལོའི་ཟླ་9པར་C919རྟགས་ཅན་གྱི་གནམ་གྲུ་ཞིག་ས་བབ་མཐོ་ཚད་སྨི་3569ལྷག་ཙམ་ཡོད་པའི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་བ་དང་དེ་ཐོག་ནས་རྒྱལ་ཐོན་གནམ་གྲུ་ཆེ་གྲས“འཛམ་གླིང་ཡང་རྩེར”འཕུར་ཐུབ་པ་མཚོན་ཐུབ། འཕེལ་རྒྱས་ནི་ཡོངས་ཁྱབ་ཅིག་ཡིན་པས་ཁྱད་པར་རང་བཞིན་ལ་དོ་སྣང་བྱེད་དགོས་ལ་སྤྱི་ཡོངས་རང་བཞིན་ལའང་དོ་སྣང་བྱེད་དགོས། རང་ངོས་ལ་གཞི་ཚུགས་པ་དང་དགེ་མཚན་ཆེ་རིགས་འདོན་སྤེལ་བྱེད་པ་མ་ཟད། མིག་རྒྱང་ཡངས་པོས་མཐུན་སྦྱོར་གྱི་ལེགས་ཆ་ལྡན་པར་བྱས་ཚེ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཀུན་སེམས་གཅིག་ཏུ་སྒྲིལ་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་རེད།

    (རྩོམ་པ་པོ་ནི་འདི་ག་ཚགས་པར་གྱི་དཔྱད་གཏམ་པུའི་རྩོམ་སྒྲིག་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།