དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་ཚན་རྩལ་གསར་གཏོད་དང་ལས་གཏོད་གྲུབ་འབྲས་ཀྱི་འགྲེམས་སྟོན་སྐབས་གསུམ་པ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-02

    ཉེ་ཆར་མངའ་རིས་ས་ཁུལ་གྱིས་དུས་ཡུན་ཉིན་7གྱི་ཚན་རྩལ་གསར་གཏོད་དང་ལས་གཏོད་གྲུབ་འབྲས་ཀྱི་འགྲེམས་སྟོན་སྐབས་གསུམ་པ་གཉེར་ཏེ་གོམ་སྟབས་རྗེས་མའི་ཚན་རྩལ་གསར་གཏོད་འཆར་འགོད་དང་ཆུ་ཚད་མཐོ་བའི་ལས་གཏོད་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ནས་ཉམས་མྱོང་དང་བློ་གྲོས་གཅིག་སྡུད་བྱས་པ་རེད།

    འགོ་ཚུགས་མཛད་སྒོར་མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་མངའ་རིས་ས་ཁུལ་གྱི་ཚན་རྩལ་གསར་གཏོད་དང་ལས་གཏོད་ལས་དོན་ལ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་པ་རེད། དེ་རྗེས་གདན་ཞུའི་སྐུ་མགྲོན་གྱིས《སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱང་རིའི་སྔོ་འགྱུར་དང་སྡོང་ཕྲུག་འདེབས་གསོའི་ལག་རྩལ་གྱི་ཞིབ་འཇུག་དང་དཔེ་སྟོན་རྣམ་གྲངས》དང《འབྲོང་ཁྲག་ལས་སྣོན་ཞིབ་ཚགས་ལག་རྩལ་དང་ནུས་པ་གསར་སྤེལ་རྣམ་གྲངས》སོགས་ཚན་ཞིབ་རྣམ་གྲངས་དང་ལས་གཏོད་རྣམ་གྲངས་སྙན་སེང་ཞུས་པ་རེད།

    “ང་ཚོས‘ལོ་ལྔ་ཚན་བཅུ་གསུམ་པའི’ཚུན་གྱི་ཚན་ཞིབ་གྲུབ་འབྲས་ལ་གསེད་བཀྲོལ་བྱས་ཏེ་ཐོན་ལས་གསར་གཏོད་སོགས་ཕྱོགས་15ནས་ཡིག་རིས་འགྲེམས་སྟོན་བྱས་པ་དང་བོད་སྨན་ཞིབ་འཇུག་གསར་སྤེལ་སོགས་ཕྱོགས་10ནས་དངོས་རྫས་འགྲེམས་སྟོན་བྱས་པ་དེ་ནི་དུས་མཚམས་གོང་མའི་ཚན་རྩལ་གསར་གཏོད་ལས་དོན་ལ་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ་གོམ་སྟབས་རྗེས་མའི་ལས་དོན་ལ་རྒྱང་ལྟ་བྱེད་པ་ཞིག་དེ་བས་ཡིན། ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ནི་མངའ་རིས་ས་ཁུལ་གྱི་ཚན་རྩལ་གསར་གཏོད་ཀྱི‘འགྲེམས་སྟོན་སྟེགས་བུ’ཞིག་ཡིན་ལ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི‘སྐུལ་འདེད་ཡོ་བྱད’ཅིག་ཀྱང་ཡིན”ཞེས་མངའ་རིས་ས་ཁུལ་ཚན་རྩལ་ཅུས་ཀྱི་རིམ་བཞིའི་བརྟག་ཞིབ་པ་ཀྲང་ཁའེ་ཧྥུའུ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།