དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི“ཨ་མའི་དྲོ་སྐྱིད་ཁུག་མ”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-02

    ཉིན་ཤས་གོང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྗོངས་སྦྲག་སྲིད་ཡན་ལག་ཀུང་སིས་མཉམ་དུ་སྤེལ་བའི“གཅེས་སེམས་ཆུང་ངུ་བསྐུར། བསམ་འདུན‘ཕྲན་བུ’སྒྲུབ”ཅེས་པའི་2024ལོའི“ཨ་མའི་དྲོ་སྐྱིད་ཁུག་མ”ཞེས་པའི་སྤྱི་ཕན་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་ཚིགས་ཚང་མས་ཞལ་འདེབས་བདག་སྤྲོད་བྱེད་ཆོག་གི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཨ་མའི་དྲོ་སྐྱིད་ཁུག་མ”ཞེས་པའི་རྣམ་གྲངས་ནི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་ཞབས་ཞུ་དང་འབྲེལ་གཏུག་གི་འགན་ནུས་འདོན་སྤེལ་བྱས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་དཀའ་ངལ་ཡོད་པའི་ཨ་མ་དང་ཁྱིམ་ཚང་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་རེད།

    དུས་ཡུན་རིང་པོར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཕན་གཅེས་སེམས་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་། ལོ་མང་བསྟུད་མར་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྲིག་འཛུགས་བྱས་ཏེ་ཞལ་འདེབས་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ཡོད། བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒོར་ཁྲི་10ཞལ་འདེབས་བརྒྱབ་ནས“ཨ་མའི་དྲོ་སྐྱིད་ཁུག་མ”ཉོ་རྒྱུར་སྤྱད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།