དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འབོ་གསེར་ཆེན་པོའི་མཉམ་ལས”ལ་མདུན་ལམ་འོད་སྟོང་ལྡན་པ་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁེ་ལི་ཐན·པཱ་ཧ་ན།   |     སྤེལ་དུས།  2024-11-01

    འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པ་ནི་འབོ་གསེར་རྒྱལ་ཁབ་ཀྱིས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྡུད་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་རེད།

    མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལག་གདང་སྦྲེལ་ནས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་བློ་གྲོས་སྐྱེས་སུ་འབུལ་བ་དང་ཕྱོགས་ཁག་གིས་བསྟུན་མཁས་དང་། དྲང་གཞག རྒྱང་ལྟའི་རང་བཞིན་བཅས་ཀྱི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་སྐུལ་འདེད་བཏང་ཡོད།

    འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་བཙུགས་པ་ནི་མཉམ་ལས་བྱེད་སྟངས་གསར་པར་དམིགས་ནས་བྱུང་བ་ཞིག་རེད། 2008ལོར་ཐོན་པའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱིས་འཛམ་གླིང་གི་དཔལ་འབྱོར་ལ་རྡབ་རྡེག་བཟོས་པ་མ་ཟད། དུས་ཡུན་རིང་པོའི་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཙོ་ཁྲིད་ཀྱི་གནས་བབ་བཟུང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་ཞན་ཆ་ཡང་ཕྱིར་མངོན་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མས་དེ་བས་ལེགས་པའི་སྒོ་ནས་རང་ཉིད་ཀྱི་འཕེལ་རྒྱས་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། 2009ལོའི་ཟླ་6པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཨུ་རུ་སུའི་ཡེ་ཁཱ་ཅེ་ལིན་པའོ་རུ་ཞལ་འཛོམས་ཐེངས་དང་པོ་གནང་བ་དང་། ད་ཆ་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་མཚོན་བྱེད་རང་བཞིན་དེ་བས་ཆེ་བ་དང་ཤུགས་རྐྱེན་ཐེབས་ཤུགས་དེ་བས་ཆེ་ལ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་བསྐྲུན་རྒྱུར་ཐུན་མོང་ཐོག་རེ་སྒུག་བྱེད་པ་དེ་སྒྲུབ་རྒྱུའི་འགན་འཁྲི་ཁུར་བས“འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཡོད།

    ཀྲུང་གོའི་འདུ་ཤེས་དང་ལག་ལེན་གྱིས་བློ་སྒོ་ཕྱེ་བར་བརྟེན་འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་ལས་ལ་བརྟེན་པ་ལས་འགྲན་རྩོད་མི་བྱེད་པར་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། འབོ་གསེར་མཉམ་ལས་ཀྱིས་དེ་བས་བསྟུན་མཁས་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་དབར་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་ཡོང་བར་ཁྲིད་སྟོན་བྱ་རྒྱུར་གཞོལ་གྱི་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གིས་དེང་རབས་ཅན་མངོན་འགྱུར་ཡོང་བའི་རེ་བ་ཆེན་པོ་བྱེད་ཅིང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པ་ནི་འབོ་གསེར་རྒྱལ་ཁབ་ཀྱིས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྡུད་དང་བྱ་སྤྱོད་དངོས་ལ་བརྟེན་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་རེད།

    ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་ནས་རྒྱལ་ཁབ་ཁག་དབར་ཕན་ཚུན་སློབ་སྦྱོང་དང་། སྤེལ་རེས་ལ་ཤུགས་སྣོན། བསམ་ཤེས་ཟབ་གཏོང་། མཉམ་ལས་ཟབ་གཏོང་བཅས་དར་སྤེལ་གཏོང་གི་ཡོད། ཀྲུང་གོའི་གྲོས་འགོ་དང་འདུ་ཤེས་དེ་དག་གིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྒུལ་ཤུགས་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱི་སྐུལ་འདེད་ཧུར་ཐག་འོག་འབོ་གསེར་མཉམ་ལས་ཀྱིས་དེ་བས་ཞི་བདེ་དང་དར་རྒྱས་ཀྱི་འཛམ་གླིང་ཞིག་བསྐྲུན་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།

    (རྩོམ་པ་པོ་ནི་ལྷོ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་སློབ་ཚོགས་ཀྱི་ཚོགས་གཙོ་དང་ལྷོ་ཨ་ཧྥེ་རི་ཁའི《ཕྱི་འབྲེལ》དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།