ཁྲོན་བོད་གཞུང་ལམ་སྐྲུན་ཡུལ་རིག་གནས་ཡུལ་སྐོར་གྱི་ས་གཤིས་མཚོན་རྟགས་སུ་གྱུར་པ།
ཉེ་བའི་ལོ་ཤས་རིང་། ཁྲོན་བོད་གཞུང་ལམ་སྐྲུན་ཡུལ་གཡག་རྔ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ཀྲུང་གོའི་གཡག་རྔའི་318ཀྱི་སྒེར་འཁོར་སྒར་ས་ཆེན་པོ”དང་། “ཁྲོན་བོད་གཞུང་ལམ་གྱི་ཟམ་པ་དང་པོ”མཁའ་འགྲོའི་འགག་ཟམ་གྱི་ས་ཚིགས། ཐེན་ཆོན་ཞབས་ཞུ་ཁུལ་སོགས་རིག་གནས་ཡུལ་སྐོར་གྱི་ས་གཤིས་མཚོན་རྟགས་སྔ་རྗེས་སུ་བསྐྲུན་པ་དང་། སྒེར་འཁོར་གཏོང་བ་སོགས་འབྲེལ་ཡོད་ཀྱི་ཐོན་ལས་དང་ཡུལ་སྐོར་གྱི་ལེ་ལག་ཚང་བའི་ཞབས་ཞུ་སྐྱེད་སྲིང་དང་འཐུས་སྒོ་ཚང་དུ་བཏང་བས། ཁྲོན་བོད་གཞུང་ལམ་དུ་སྐྱོད་མཁན་མི་རྣམས་ལ་རོལ་རྩེད་རྩེ་ས་དང་། ངལ་གསོ་རྒྱག་ས། དྲན་རྟེན་པར་རྒྱག་ས་བཅས་ཡག་པོ་ཞིག་ཆགས་ནས་ས་གནས་དེ་གའི“ཡུལ་སྐོར་འགྲུལ་བཞུད་མཉམ་འདྲེས”འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཐེབས་ཡོད།
འདི་ནི་ཡུལ་སྐོར་བས་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་དུ་གནས་པའི་318ཀྱི་གཞུང་ལམ་གྱི་རིག་གནས་ཉམས་ལེན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི“ཀྲུང་གོ་གཡག་རྔའི་318ཀྱི་སྒེར་འཁོར་སྒར་ས་ཆེན་མོ་ཡིན་པ།