དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་བརྟན་འགྱུར་མེད་ངང་དུག་འགོག་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-31

    དུག་རྫས་ཀྱི་གནོད་འཚེ་ནི་འཛམ་གླིང་ཀྱི་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད། མངའ་ཁོངས་ཕྱི་རོལ་གྱི་དུག་རྫས་སིམ་འཛུལ་དང་རྒྱལ་ནང་གི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་པའི་དབང་གིས། མིག་སྔར་རང་རྒྱལ་ནི་སྔར་བཞིན་དུག་རྫས་ཉེས་གསོག་ཐོན་མང་བ་དང་། དུག་རྫས་བཅོས་སྒྲིག་གི་འགག་སྒྲོལ་དུས་སྐབས་བཅས་སུ་གནས་ཡོད་པས། དུག་འགོག་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་དུག་འགོག་ལས་དོན་གྱི་ལས་འགན་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། 

    དུག་འགོག་ལས་དོན་ནི་འགོག་རྒོལ་དམག་འཐབ་ཅིག་ཡིན་ལ། སྤྱི་ཡོངས་ཀྱི་དམག་འཐབ་ཅིག་དང་མི་དམངས་ཀྱི་དམག་འཐབ་ཅིག་ཀྱང་ཡིན།  རྒྱུན་སྲིང་དམག་འཐབ་འདི་ལས་རྣམ་པར་རྒྱལ་བར་འགག་རྩ་ནི་མང་ཚོགས་ལ་དམ་པོར་བརྟེན་དགོས་པ་དང་མང་ཚོགས་སྐུལ་སློང་བྱེད་དགོས་པ་དེ་རེད།  དུག་འགོག་ལས་དོན་ལེགས་པོ་སྒྲུབ་པར་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་ལས་རིགས་ཁག་གིས་དུག་འགོག་བྱ་གཞག་ནང་ཞུགས་རྒྱུར་སྐུལ་མ་བཏང་སྟེ་མི་དམངས་མང་ཚོགས་དུག་འགོག་འཐབ་རྩོད་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་བྱེད་དགོས། ཕྱོགས་གང་ཅིའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་དང་ཐོན་ཁུངས་སྡེབ་སྒྲིག་བྱས་པ་བརྒྱུད། ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། ཕྱོགས་མང་མཉམ་ཞུགས། ཐུན་མོང་ཐོག་དོ་དམ་དང་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་དང་བཅོས་སྒྲིག་དྲ་བ་ཞིབ་ཚགས་བཟོས་ནས། སྤྱི་ཚོགས་ཡོངས་ཀྱིས་དུག་རྫས་བཅོས་སྒྲིག་བྱེད་པའི་གནད་དོན་ཐོག་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། 

    དུག་རྫས་ཀྱིས་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་དང་ས་ཁུལ། མི་རིགས། སྤྱི་ཚོགས་བཅས་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་སྤྱི་ཚོགས་ཆ་འཕྲིན་ཅན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་འཛམ་གླིང་ཁྱབ་ཁོངས་སུ་དུག་རྫས་གང་སར་མཆེད་པའི་གནད་དོན་དེ་བས་ཚབས་ཆེ་རུ་འགྲོ་བཞིན་ཡོད། དུག་འགོག་ནི་རྒྱལ་སྤྱིའི་རང་བཞིན་གྱི་དཀའ་གནད་ཅིག་ཡིན་པས་རྒྱལ་ཁབ་གཅིག་གི་སྟོབས་ཤུགས་ཁོ་ནར་བརྟེན་ནས་ཐག་གཅོད་བྱེད་དཀའ་བས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་དང་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། 

    མིག་སྔར། རང་རྒྱལ་དུ་དུག་རྫས་གནས་བབ་སྤྱི་ཡོངས་ནས་ལེགས་སུ་འགྲོ་བ་དང་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་འགྱུར་ལྡོག་མངོན་ཡོད། འོན་ཀྱང་འཕྲད་པའི་དུག་རྫས་ཀྱི་གནས་བབ་ནི་སྔར་བཞིན་རྙོག་འཛིང་ཆེ་བ་ཞིག་དང་དུག་རྫས་རིགས་སྣ་མང་ཅན། དུག་འཚོང་ཐབས་ལམ་སྣ་མང་ཅན། ཉེས་གསོག་དྲ་བ་རྒྱལ་སྤྱི་ཅན་དུ་འགྱུར་བ། ཉོ་ཚོང་བྱ་ཐབས་གབ་ཡིབ་ཅན་བཅས་ཡིན་པའི་དུས་བབ་གསར་པའི་འོག ང་ཚོས“དུག་རྫས་ཉིན་གཅིག་མེད་པ་བཟོ་མ་ཐུབ་ན། དུག་འགོག་འཐབ་རྩོད་ཉིན་གཅིག་ཀྱང་ལྷོད་གཡེང་བྱེད་མི་རུང་”བའི་དད་སེམས་བརྟན་དུ་གཏོང་དགོས་པ་དང་། དུག་རྫས་ལ་འགོག་རྒོལ་མཐའ་འཁྱོངས་བྱེད་པའི་སྤོབས་པ་དང་ཆོད་སེམས་ཇེ་བརྟན་དུ་བཏང་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཏེ་དུག་རྫས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། 

    དུག་རྫས་ཀྱི་གནད་དོན་ནི་ཆེས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་པ་དང་། དུག་འགོག་གི་ལས་དོན་ནི་སྤྱི་ཚོགས་ཡོངས་དང་འབྲེལ་བ་ཡོད་པའི་མ་ལག་ལས་གྲྭ་ཞིག་ཡིན་པས་ང་ཚོས་དུག་འགོག་ལས་དོན་ལ་ལྷོད་གཡེང་གཏན་ནས་བྱེད་མི་རུང་བར་དུག་འགོག་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་དུག་རྫས་ལ“བཟོད་སྒོམ་གཏན་ནས་མི་བྱེད”པར། བློ་བརྟན་འགྱུར་མེད་ངང་དུག་འགོག་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་དུག་རྫས་གཏན་འགོག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།  

    བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། པ་སངས་སྒྲོལ་དཀར། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།