བོད་ཀྱི་རྟེན་མཛོད་ཁང་གི་མ་ལག་རགས་ཙམ་བསྐྲུན་ཟིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་རྟེན་མཛོད་ཁང་གི་མ་ལག་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྟེན་མཛོད་ཁང་གཉེར་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཁྱབ་འགྱེད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་ཕྱིན་ཡོད་པ་རེད། ལྗོངས་ཡོངས་སུ་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་ཁྱོན་2373དང་། རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་སྤོ་རུང་རིག་དངོས་ཐོ་འགོད་བྱས་པའི་རིག་དངོས་སྲུང་སྐྱོབ་ཚན་པ་1006 སྤོ་རུང་རིག་དངོས་ཁྲི་51(ཆ་ཚང)རྩ་ཆེན་རིག་དངོས(ཆ་ཚང)ཁྲི་11.15བཅས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ཀྱི་ཚན་རྩལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་3.2བཏང་ནས་སྤོ་རུང་རིག་དངོས་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་རྣམ་གྲངས་དང་། གྲངས་འཛིན་ཅན་གྱི་སྲུང་སྐྱོབ་རྣམ་གྲངས། རིག་དངོས་ཉམས་གསོའི་རྣམ་གྲངས་བཅས་ཁྱོན་56ལག་བསྟར་བྱས་ཡོད་པ་རེད། དེ་དང་ཆབས་ཅིག སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་ལས་དོན་སྤེལ་རེས་ཐད་ཤུགས་སྣོན་བརྒྱབ་སྟེ་ལོ་ལྔའི་རིང་རིགས་ཁག་གི་རིག་དངོས་འགྲེམས་སྟོན་ཐེངས་60ཙམ་དང“སྤྲིན་རྩིས་འགྲེམས་སྟོན”ཐེངས་10བྱས་པའི་ནང་རྩེར་སོན་འགྲེམས་སྟོན་ཁག་གཅིག་འབུར་དུ་ཐོན་ཡོད་པ་རེད།