དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་གོ་ལ་ཧྲིལ་པོའི་འཕྲེད་ཐིག་དམའ་འབྲིང་གི་མཚམས་སུ་གནས་པའི་འཁྱགས་རོམ་གྱི་འཁྱགས་སྙིང་བར་ཁུང་བུ་རྟོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-31

    འདི་ནི་ཚན་རིག་རྟོག་ཞིབ་ཚོགས་པ་བུ་རོགས་གངས་རིའི་འཁྱགས་རོམ་གྱི་རྩེ་མོའི་ས་བབ་སྨི་6100ཟིན་པའི་ལས་སྒྲུབ་སྒར་ས་Cརུ་ཡོད་པ།

    འདི་ནི་ཚན་རིག་རྟོག་ཞིབ་རུ་མིས་ཁུང་བུ་འབིགས་བཞིན་པ།

    ཚེས་29ཉིན། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་བུ་རོགས་གངས་རིའི་འཁྱགས་ཀླུང་དུ་གོ་ལ་ཧྲིལ་པོའི་འཕྲེད་ཐིག་དམའ་འབྲིང་གི་མཚམས་སུ་གནས་པའི་འཁྱགས་རོམ་གྱི་འཁྱགས་སྙིང་བར་ཁུང་བུ་རྟོལ་བར་རིང་ཚད་ལ་སྨི་324ཟིན་ནས་འཛམ་གླིང་གི་ཟིན་ཐོ་བཏོད་པ་རེད།

    བུ་རོགས་གངས་རིའི་འཁྱགས་ཀླུང་ནི་གོ་ལ་ཧྲིལ་པོའི་འཕྲེད་ཐིག་དམའ་འབྲིང་གི་མཚམས་སུ་གནས་པའི་འཁྱགས་ཀླུང་ཆེ་ཤོས་དེ་རེད། མཐུག་ཚད་འཇལ་བ་དང་འཁྱགས་སྙིང་རྟོལ་བ་ནི་བུ་རོགས་གངས་རིའི་འཁྱགས་ཀླུང་གི་འགྱུར་ལྡོག་དང་ཟིན་ཐོར་བཀོད་པའི་ཁོར་ཡུག་གི་འགྱུར་ལྡོག་ལ་ལྟ་ཞིབ་དེ་བས་ལེགས་པ་ཐུབ་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་ལས་འཁྱགས་རོམ་ལ་ཐེབས་པའི་ཤུགས་རྐྱེན་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།