དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་154ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-31

    གསར་འགོད་པས་ཉེ་ཆར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2015ལོར“བོད་གློག་ཕྱིར་གཏོང”ཐེངས་དང་པོ་བྱས་པ་ནས་འདི་ལོའི་ཟླ་9ཚེས་30ཉིན་བར། བོད་ཀྱིས་རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མའི་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་154.22ཟིན་པ་དེ་རང་རྒྱལ་གྱི་ཤར་རྒྱུད་དང་། དབུས་རྒྱུད། བྱང་རྒྱུད། ནུབ་བྱང་། ལྷོ་ནུབ་སོགས་ས་ཁུལ་དུ་ཁྱབ་ནས་ཚད་ལྡན་རྡོ་སོལ་སྤྱོད་ཚད་ཏུན་ཁྲི་473ཙམ་ཉུང་དུ་ཕྱིན་པ་དང་། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་1324ཙམ་དང་དབྱང་གཉིས་མུ་ཟི་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་36ཙམ་ཉུང་དུ་ཕྱིན་ཡོད་པ་རེད། ལྗོངས་ཡོངས་སུ་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱི་བསྡུར་གྲངས་99%ལྷག་ཙམ་ཟིན་ནས་ཁྱོན་ཡོངས་ལ་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་འདོན་ཐུབ་པ་སྤྱིར་ན་མངོན་འགྱུར་བྱུང་ནས། རྒྱལ་ཡོངས་སུ་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱི་བསྡུར་གྲངས་བཟུང་ཚད་མཐོ་ཤོས་ཀྱི་ཞིང་ཆེན་རིམ་པའི་གློག་དྲར་གྱུར་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་གློག་དྲ་རིམ་སྤོར་མཆོང་སྐྱོད་ཀྱིས་ལྗོངས་ཡོངས་སུ་ནུས་རྒྱུ་གཙང་མའི་གློག་མགྱོགས་མྱུར་འཕར་བར་སྣེ་ཁྲིད་ཐུབ་ནས་2024ལོའི་ཟླ་9པ་བར་གློག་ཁང་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར་881ཙམ་བཏང་བ་དང་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་ཆན་ཝ་ཁྲི་717.6ཟིན་ནས་2012ལོ་ལས་ཆན་ཝ་ཁྲི་616.3འཕར་ཡོད་པ་རེད། མིག་སྔར། བོད་དུ་ཆུ་གློག་གིས་གཙོ་བོ་བྱེད་པ་དང་། ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་མང་ཕན་གསབ་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་གསར་པ་ཆགས་ཡོད་པ་རེད།

    རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཆེད། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་སྒྱུར་བཀོད་དང་།“རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི‘ལོ་གཉིས་ཀྱི་འགག་སྒྲོལ་དམག་འཐབ’“བོད་ཀྱི‘ཁུལ་གསུམ་དང་ཀྲོའུ་གསུམ’གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན”སོགས་དམངས་ཕན་ལས་གྲྭ་འཛུགས་སྐྲུན་བྱས་པ་བརྒྱུད། བོད་ཀྱི་གློག་དྲ་གཙོ་བོས་གློག་གཏོང་བའི་ས་ཁུལ་2012ལོའི་རྫོང(ཆུས)ཁག་40ནས་2023ལོར་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཁག་74དང་ཤང་དང་གྲོང་རྡལ་གཙོ་བོར་ཁྱབ་ནས་གློག་མཁོ་འདོན་མི་འབོར་ཁྲི་175ནས་མི་འབོར་ཁྲི་350ལྷག་ཙམ་བར་མང་དུ་ཕྱིན་ཏེ་གློག་མཁོ་འདོན་བྱེད་ཚད་99.48%བར་མཐོ་རུ་ཕྱིན་ཡོད་པ་རེད།

    མིག་སྔར། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་སོགས་གཙོ་གནད་ལས་གྲྭ་ཁག་གཅིག་མགྱོགས་མྱུར་སྐྲུན་བཞིན་ཡོད་པས། བོད་ཀྱི་ས་བབ་མཐོ་བའི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་གཏོང་དང་གཞི་ཁྱོན་ཆེ་བའི་ནུས་རྒྱུ་གསར་པའི་དྲ་སྦྲེལ་སོགས་ཀྱི་ཁྱབ་ཁོངས་ལག་རྩལ་མེད་པ་ནས་ཡག་ཤོས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད། སྔོན་དཔག་བྱས་ན། 2050ལོར་སླེབས་སྐབས། བོད་དུ་ནུས་རྒྱུ་གཙང་མ་ཕྱིར་གཏོང་གི་ཆེས་མཐོ་གནོན་གྱི་གློག་གཏོང་བགྲོད་ལམ་10ཡན་ཆགས་ནས་ལོ་རེར་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཆན་ཝ་ཁྲི་དུང་ཕྱུར་0.5ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།