དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སུ་སྨན་བཅོས་འགན་བཅོལ་སྒོར་དུང་ཕྱུར་160.6འདེད་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-30

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་དགུ་པའི་བར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཧོབ་བཤེར་ཞིང་ཆེན་ཡོངས་ལ་ཁྱབ་ནས། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་500ལ་ཞིབ་བཤེར་བྱས་ཏེ་སྒྲིག་འགལ་གྱི་དོགས་གཞི་ཡོད་པའི་དངུལ་སྒོར་དུང་ཕྱུར་22.1རྩད་ཆོད་པའི་ནང་། གྲངས་གཞི་ཆེ་མོའི་དཔེ་དབྱིབས་ཁུངས་སྣེ་གཞིར་བཟུང་། ཆེད་དོན་ཧོབ་བཤེར་བྱས་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྨན་རྫས་སྒྲིག་གཞི་185ཟིན་པ་དང་འགན་བཅོལ་དངུལ་ཁ་བསླུས་གཡོ་ལེན་བྱས་པའི་སྒྲིག་གཞི་111རྩད་ཆོད་ཡོད། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་ཀྱི་རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་དངུལ་སྒོར་དུང་ཕྱུར་160.6འདེད་ལེན་བྱས་ཡོད།

    རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཐེབས་རྩ་ལྟ་འདོམས་སིའི་སི་ཀྲང་གཞོན་པ་ཤེ་ཀྲང་ཧྲུའུ་ཡིས། མིག་སྔར། སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་འདོམས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་མོད། འོན་ཀྱང་དུས་བབ་སྔར་བཞིན་རྙོག་འཛིང་ཆེན་པོ་ཡོད། གོམ་སྟབས་རྗེས་མར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཧོབ་བཤེར་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རང་བཤེར་རང་བཅོས་ཏན་ཏིག་བྱེད་པ། གྲངས་གཞི་ཆེ་མོའི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།