དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲན་ཤིས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་རྒན་གསོའི་ཞབས་ཞུའི་མ་ལག་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-30

    ཉེ་བའི་ལོ་ཤས་རིང་། ཧྲན་ཤིས་ཞིང་ཆེན་གྱིས་རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་བཏང་ནས། ཁྱིམ་སྡོད་དང་སྡེ་ཁུལ་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་ཁམས་གསོ་ཟུང་དུ་འབྲེལ་བའི་རྒན་གསོའི་ཞབས་ཞུའི་མ་ལག་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།

    ཧྲན་ཤིས་ཀྱིས་སྡེ་ཁུལ་གྱི་རྒན་གསོ་རྒྱུན་མཐུད་འཕེལ་རྒྱས་བཏང་ནས། ལོ་ལྔ་བསྟུད་མར་སྡེ་ཁུལ་གྱི་རྒན་གསོའི་བདེ་སྐྱིད་འདུ་འགོད་དེ་དམངས་འཚོའི་བྱ་བ་དངོས་ནང་བཅུག་སྟེ་ད་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་གྱི་རྒན་གསོའི་འདུ་འགོད་50གསར་སྐྲུན་དང་སྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་རྒན་གསོར་རྒྱུན་མཐུད་རོགས་སྐྱོར་བྱས་ཏེ་གྲོང་གསེབ་ཀྱི་བེད་མེད་ཐོན་ཁུངས་སྤྱད་ནས་གྲོང་གསེབ་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཁག་ཅིག་བསྐྲུན་པ། ལས་གཉེར་ཁ་གསབ་དང་འོད་ཤུགས་གློག་གཏོང་གི་ཡོང་འབབ་ཁ་གསབ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

    ཧྲན་ཤིས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒན་གསོའི་ཞབས་ཞུའི་ནང་ཞུགས་པར་སྐུལ་འདེད་བཏང་ནས། དམངས་གཉེར་རྒན་གསོའི་སྒྲིག་གཞིར་ཐེངས་གཅིག་རང་བཞིན་གྱི་འཛུགས་སྐྲུན་ཁ་གསབ་དང་། གཉེར་སྐྱོང་ཁ་གསབ། ཉལ་ཁྲིའི་ཁ་གསབ་སོགས་རོགས་སྐྱོར་སྲིད་ཇུས་བཏོན་ཡོད། རྒན་གསོའི་ཞབས་ཞུའི་དཔུང་ཁག་གི་ལོ་ན་ཆེ་བ་དང་། ཆེད་ལས་ཀྱི་ཆུ་ཚད་དམའ་བ། ཐོབ་ཆ་ཉུང་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཧྲན་ཤིས་ཀྱིས་བྱ་དགའི་སྲིད་ཇུས་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མ་རྒན་གསོའི་ཞབས་ཞུའི་ལས་རིགས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་རྒན་གསོའི་ཞབས་ཞུའི་ཤེས་ལྡན་པ“ལས་ཀར་ཞུགས་ཐུབ་པ”དང་། “ལས་ཀ་ཡག་པོ་བྱེད་ཐུབ་པ” “གནས་ཐུབ་པ”བཅས་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།