དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཟའ་བཅའི་བདེ་འཇགས་ལ་འཐེན་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-30

    ཉེ་དུས། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཟའ་བཅའི་བདེ་འཇགས་འཐེན་བཤེར་དང་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། འཐེན་བཤེར་དང་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ཐག་གཅོད་ལ་མཉམ་དུ་ཤུགས་རྒྱག་པ་དང་གདུབ་ཟུམ་དོ་དམ་མཐའ་འཁྱོངས་བྱས་ནས། བཟའ་བཅའི་བདེ་འཇགས་འགན་ལེན་དང་། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ། བཟའ་བཅའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ལ་དམིགས་ནས་འཚོལ་བཤེར་བྱས་པ་རེད།

    ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ལ་མཚོན་ན། ཕུའུ་ཨེར་གྲོང་ཁྱེར་དུ་ཁྱོན་བསྡོམས་ལག་ཁྱེར་རག་པའི་འཐུམ་རྒྱག་བཏུང་ཆུའི་ཐོན་སྐྱེད་ཁེ་ལས་49ཡོད་པ་དང་། ཁེ་ལས་དེ་དག་གི་ཐོན་སྐྱེད་སྤུས་ཚད་ཀྱི་ཚོད་འཛིན་ནུས་པ་མཐོ་རུ་གཏོང་དགོས་ཀྱི་ཡོད་པ་རེད། འཐེན་བཤེར་བྱས་ནས་སྤུས་ཚད་མ་ལོན་པའི་ཐོན་རྫས་ལ་དམིགས་ཏེ། ཡུན་ནན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་ཞིབ་དཔྱད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་ཕུད། ད་དུང་ཆེད་དོན་ལག་རྩལ་རོགས་སྐྱོར་ཇུས་གཞི་བཟོས་ནས་ཁེ་ལས་ལ་འཚམ་པའི་ཉེན་ཁ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་བཏོན་པ་རེད། འདི་ལོ་ཚུན་དུ། ཕུའུ་ཨེར་གྲོང་ཁྱེར་གྱི་ཐུམ་རྒྱག་བཏུང་ཆུའི་ཕྲ་སྲིན་འཐེན་བཤེར་ཚད་གཞི་ལོན་ཚད་100%ཟིན་གྱི་ཡོད་པ་དང་ཞིང་ཆེན་ཡོངས་ཀྱི་དེ་མིན་གྱི་ཀྲོའུ་དང་གྲོང་ཁྱེར་15ཡི་ཁེ་ལས་ཀྱི་འཐེན་བཤེར་ཚད་གཞི་ལོན་ཚད་ཀྱང་99.25%བར་འཕར་ཡོད་པ་རེད།

    གོམས་སྟབས་རྗེས་མར། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་མུ་མཐུད་བཟའ་བཅར་མཉམ་དུ་འཐེན་བཤེར་དང་། གནད་དོན་ཡོད་ཕྱིན་མཉམ་དུ་ཐག་གཅོད། ཉེན་ཁ་དང་མངོན་མེད་རྐྱེན་ངན་མཉམ་དུ་འགོག་ཟོན་བཅས་མཐའ་འཁྱོངས་བྱས་ནས། “ཟུར་ཁ་ཆུང་ཆུང”གིས“ཐོན་ལས་ཆེན་པོར”ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།