དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

    སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-30

    སྤྱོད་གཙང་གཞུང་དྲང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཕེལ་རྒྱས་གཏོང་བ། སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་ཆར་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ“སྤྱོད་གཙང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་། སྲིད་གཙང་ལ་བརྟེན་ནས་རྩྭ་མདའ་སྐྱོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། བྱེད་སྒོ་དེས་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་དམིགས་པ་དང་། ཞང་ཞུང་རིག་གནས་ཀྱི་སྦྲེལ་ཟམ་གཏོད་པ། གསར་གཏོད་ལྡན་པའི་སྒོ་ནས་སྤྱོད་གཙང་ཤང་གྲོང་དང་སྤྱོད་གཙང་ཚན་པ་འཛུགས་སྐྱོང་དང་གསར་གཏོད་དམིགས་ཡུལ་དུ་བྱེད་པ་བཅས་ཀྱི་ཐོག་ནས་ཁྱད་ལྡན་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱས་ཏེ་དམ་པ་དོན་གཉེར་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་ཉམས་འགྱུར་གསར་པ་བཏོད་ཡོད།

    སྤྱོད་གཙང་རིག་གནས་ཀྱི“སྒྲོག་འགྲེལ་ཆེན་པོ”བྱས་ནས“སྤྱོད་གཙང”གཤམ་སྐྱེལ་བྱས་པ། རྩྭ་མདའ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྤྱོད་གཙང་རིག་གནས་སྒྲོག་འགྲེལ་བྱས་པ་དང་། བྱང་རྩེ་ཤང་རབ་རྒྱས་གླིང་བཀོད་སྒྲིག་བྱ་ཡུལ་དུ“སྤྱོད་གཙང་གཤམ་སྐྱེལ”གྱི་རིག་རྩལ་འཁྲབ་སྟོན་བྱས་པ་དང་དུས་མཚུངས་དམངས་ཕན་དམངས་བདེའི་སྲིད་ཇུས་དང་། གྲོང་གསེབ་དར་རྒྱས། མེ་ཟོན་གློག་འགོག་སོགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད། རིམ་རྩིས་བརྒྱབ་ན་མང་ཚོགས་300ལྷག་ཙམ་ཞུགས་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་10ལྷག་ཙམ་ལ་ལན་བརྒྱབ་པས་ཏང་གི་སྒྲིག་ཁྲིམས་དྲིལ་བསྒྲགས་དང་སྒྲིག་ཁྲིམས་ལ་སྣང་ཆེན་དང་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པ་དེ་བས་སྟབས་བསྟུན་བྱུང་ནས་གཞི་རིམ་གྱི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།

    སྲིད་དོན་གཙང་སྐྱོང་གི“སློབ་ཚན་ཆེན་པོ”ཡག་པོ་འཚོགས་ནས་གདེང་ཚོད་བརྟན་དུ་བཏང་བ། རྩྭ་མདའ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྲིད་གཙང་སྐོར་གྱི་ཏང་གི་སློབ་ཚན་ཚོགས་པའི་བྱ་ཐབས་བརྒྱུད་སྲིད་གཙང་སློབ་གསོ་སྤེལ་ནས་ཏང་ཡོན་ལས་བྱེད་པར“ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་རྩ་འཛུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱོད་གཙང་གི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་སྤྱོད་གཙང་གི་རང་གཤིས་ནམ་ཡང་གནས་པར་བྱེད་པ། མང་ཚོགས་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ལས་ཀའི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ། འཚོ་བའི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་རང་ཉིད་ཀྱི་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ”བཅས་མཐའ་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། གྱོད་དཔེར་བརྟེན་ནས་ཀུན་སྤྱོད་དང་། སྒྲིག་ཁྲིམས། ཁྲིམས་ལུགས། འགན་འཁྲི་བཅས་གླེང་ནས་རྫོང་ཡོངས་ཀྱི་ལས་བྱེད་པར་ཏང་གི་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ཡོ་བསྲང་བྱེད་པར་ཁྲིད་སྟོན་བྱས་པ་དང་དུས་མཚུངས་རྫོང་ཡོངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཁག་གིས་ཁོངས་གཏོགས་ཏང་ཀྲི་པུའུ་རུ་སྲིད་གཙང་གི་ཏང་གི་སློབ་ཚན་ཁྲིད་པར་རྫོང་ཡོངས་སུ་སློབ་གསོ་ཐོབ་པའི་ཏང་ཡོན་ལས་བྱེད་པ་700ལྷག་ཙམ་ཟིན་ཡོད།

    རྫོང་ཡོངས་ཀྱི་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་ཡག་པོ་གཉེར་ཏེ་སྨྱུག་རྩེ་ནས་སྤྱོད་གཙང་མཚོན་པར་བྱས་པ། རྩྭ་མདའ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞང་ཞུང་རིག་གནས་འགྲེམས་ཁང་དུ“སྤྱོད་གཙང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་། སྲིད་གཙང་ལ་བརྟེན་ནས་རྩྭ་མདའ་སྐྱོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཡིག་གཟུགས་དང་པར་རིས་བརྩམས་ཆོས་ཀྱི་འགྲེམས་སྟོན་བྱས་པ་རེད། ད་ཐེངས་ཀྱི་བརྩམས་ཆོས་འགྲེམས་སྟོན་ལ་བརྩམས་ཆོས་80ལྷག་ཙམ་འཚོལ་བསྡུ་བྱས་ཡོད་པ་དང་། འགྲེམས་སྟོན་ལ་ཞུགས་པའི་རི་མོ་དང་ཡིག་གཟུགས་ཀྱི་བརྩམས་ཆོས་གང་ཡིན་རུང་ཚང་མའི་བརྗོད་དོན་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པས“རི་མོར་བརྟེན་ནས་སྤྱོད་གཙང་ཡོང་བ་དང་། རི་མོར་བརྟེན་ནས་སྤྱོད་གཙང་དར་སྤེལ་གཏོང་བ། རི་མོར་བརྟེན་ནས་སྤྱོད་གཙང་འཕེལ་བ”བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད་པས། “སྤྱོད་གཙང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་། སྲིད་གཙང་ལ་བརྟེན་ནས་རྩྭ་མདའ་སྐྱོང”ཞེས་པ་དངོས་འབྲེལ་མི་སེམས་སུ་བརྟན་པོར་ཟུག་ཡོད།

    “སྤྱོད་གཙང་གི་ཁྱིམ་འཛིན་མའི”བྱེད་སྒོ་སྤེལ་ནས།“རྣམ་པ་གསར་པ”དར་སྤེལ་ཡག་པོ་བཏང་ཞིང་། རྩྭ་མདའ་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་གྱིས“སྤྱོད་གཙང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་། སྲིད་གཙང་ལ་བརྟེན་ནས་རྩྭ་མདའ་སྐྱོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“སྤྱོད་གཙང་གི་ཁྱིམ་འཛིན་མའི”བྱེད་སྒོ་ཡག་པོ་སྤེལ་ནས་བཞུགས་མོལ་ཚོགས་འདུ་དང་། སློབ་སྦྱོང་ཚོགས་འདུ། ཆེད་དོན་སློབ་གསོའི་གློག་བརྙན་ལྟ་བ་སོགས་ཀྱི་རྣམ་པ་བརྒྱུད་རྒྱ་ཆེའི་བུད་མེད་ལ་སྤྱོད་གཙང་རིག་གནས་བརྒྱུད་བསྒྲགས་བྱས་པ་དང་ཁོང་ཚོས་ཁྱིམ་ཚང་གི་འཚོ་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། གཞུང་དྲང་སྤྱོད་གཙང་གི་ཁྱིམ་ཚང་ཁོར་ཡུག་མཉམ་དུ་གཏོད་པར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།