དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མངའ་རིས་ས་ཁུལ་སྒར་རྫོང་སློབ་གསོའི་ཁོངས་གཏོགས་ཀྱིས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-30

    འདི་ལོ་ནས་བཟུང་། མངའ་རིས་ས་ཁུལ་སྒར་རྫོང་སློབ་གསོའི་ཁོངས་གཏོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་ཁག་གི་དགེ་སློབ་ཚོར་སེའུ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་པ་རེད།

    སྒར་རྫོང་གིས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དང་། རྒྱལ་དར་འོག་གི་གཏམ་བཤད། བརྗོད་དོན་གཙོ་བོའི་འཛིན་ཚོགས། དེ་བཞིན་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་གལ་ཆེན་སྣ་ཚོགས་བཅས་ལ་བརྟེན་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། རྒྱལ་གཅེས་རིང་ལུགས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ། ཁྲིམས་སྐྱོང་དྲིལ་བསྒྲགས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། རྒྱ་ཆེའི་སློབ་མ་ཚོས་མི་ཚེའི་གོམ་པ་དང་པོ་དེ་ཡག་པོ་སྤོ་བར་རོགས་རམ་བྱེད་པ་དང་། རྒྱ་ཆེའི་དགེ་སློབ་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱས་ཤིང་། མིག་སྔའི་བར་ཁྱོན་བྱེད་སྒོ་ཐེངས་80ལྷག་ཙམ་སྤེལ་བའི་ནང་ཞུགས་མཁན་མི་གྲངས་2000ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།