དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས།

    ཁྲག་སྦྱིན་འབུལ་བའི་དང་བླངས་ཞབས་འདེགས་ཞུས་ནས་མི་སེམས་དྲོ་བར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-30

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་ཁྲག་སྦྱིན་འབུལ་བའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དཔུང་ཁག་ནང་ལོ་མང་ཁྲག་སྦྱིན་འབུལ་མཁན་གྱི་མེ་ཟོན་མི་སྣ་རྒན་གྲས་ཡོད་ལ། ཐེངས་དང་པོར་ཞུགས་མཁན་གྱི་མེ་ཟོན་མི་སྣ་གསར་པའང་ཡོད། ཚང་མས་འཚང་ཁ་ཤིག་ཤིག་ངང་ཕུ་ཐུང་བརྫེས་ཏེ་ཁྲག་སྦྱིན་ཕུལ་ནས་གཅེས་སེམས་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པ་རེད།

    བྱེད་སྒོ་མཇུག་འགྲིལ་རྗེས་བཀོད་འཐབ་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་མི་དམངས་ཀྱི་མེ་ཟོན་པ་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པའི་རང་འཁྲིའི་ལས་ཀའི་ཁྲོད་རང་འགན་གཙང་སྒྲུབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་མེ་ཟོན་བཀོད་འཐབ་པའི་འགན་འཁྲི་དང་ལས་འགན་འཁུར་སེམས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།