ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་འགོ་ཚུགས་པ།
འདི་ནི་ལས་དོན་པས་སྐུ་དཀར་གསོལ་བཞིན་པ།
ཟླ་10ཚེས་28ཉིན་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་འགོ་ཚུགས་ཤིང་། ལོ་གཅིག་རིང་ཉི་ལྷགས་ཆར་ལྷགས་ཀྱིས་གཙེས་པའི་ཕོ་བྲང་དཀར་པོ་དང་དམར་པོའི་གྱང་ངོས་ནས་སྔར་བཞིན་བཀྲག་མདངས་འཚེར་ཐུབ་པ་བྱ་ཆེད། ལོ་ལྟར་སྟོན་དགུན་མཚམས་སུ་ཕོ་བྲང་པོ་ཏ་ལའི་གྱང་ངོས་ལ་སྐུ་དཀར་གསོལ་གྱི་ཡོད།