དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པའི་ཐོག་ནན་བཤད་གནང་དོན།

    རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་ཚད་ལ་གཞིགས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-10-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་28ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་ནས་2035ལོར་སླེབས་སྐབས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་ཚད་ལ་གཞིགས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་མཛུབ་ཁྲིད་དགོངས་པ་མཐའ་འཁྱོངས་བྱེད་པ། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་རྩ་བ་འཛུགས་པ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པ་བཅས་བྱས་ཏེ་བསམ་བློའི་སྣེ་ཁྲིད་བྱེད་ཤུགས་དང་། བསམ་པའི་གོང་བུ་སྒྲིལ་ཤུགས། རིན་ཐང་གི་བློ་སེམས་འགུག་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    པེ་ཅིང་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་དགེ་རྒན་ཆེ་མོ་བ་བློ་མཐུན་ཝང་པོ་ཡིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་དང་ལས་དོན་གྱི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།

    ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་བའི་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་གྲུབ་པ་དང་། རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་སྒྱུར་རྩ་སྒྱུར་དང་གཞུང་འཁྱོངས་གསར་འབྱེད་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་བརྟན་པོ་སྤོས་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ་བསམ་བློ་དང་། སྙིང་སྟོབས། རིག་གནས་བཅས་ཀྱི་ཐོག་ནས་ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གནས་བབ་ཀྱི་རྩ་བའི་ལམ་ལུགས་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། དེང་རབས་ཅན་དང་། འཛམ་གླིང་། མ་འོངས་པ་བཅས་ལ་ཕྱོགས་པའི་མི་རིགས་དང་། ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། གཙོ་རྒྱུན་གྱི་རིན་ཐང་དང་། གཙོ་རྒྱུན་གྱི་གླེང་ཕྱོགས། གཙོ་རྒྱུན་གྱི་རིག་གནས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་ཤུགས་ཆེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་ཡོང་བར་བྱེད་པ། གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་དེ་རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྟེ་བའི་ལྷུ་ཚིགས་སུ་བརྩི་བ་བཅས་བྱས་ཏེ། རིག་གནས་དོ་དམ་སྒྲིག་སྲོལ་དང་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས། རིག་གནས་གསར་རྩོམ་བྱེད་ནུས་ཆེ་རུ་གཏོང་བར་དམིགས་ཏེ་རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ལ་ཞབས་ཞུ་དང་། ཁྲིད་སྟོན། སྒྲིག་འཛུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ་དང་མི་སེམས་སུ་གཏིང་ཟབ་ཟུག་པའི་དུས་རབས་ཀྱི་གསུང་རབ་ཁག་ཅིག་ཐོན་པར་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་ཡང་རྩེ་གསར་པ་ཞིག་གཏོད་དགོས། རིག་གནས་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་གང་ཐུབ་དང་། རིགས་གཞུང་དམངས་གཙོ་དང་རིག་རྩལ་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། རྩོམ་པ་པོ་དང་། སྒྱུ་རྩལ་པ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཀྱིས་འཚོ་བར་གཞི་ཚུགས་པ་དང་གསར་རྩོམ་ལ་བློ་རྩེ་གཅིག་སྒྲིམ་གྱིས་གཞོལ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་དང་། རིག་གནས་འཛུགས་སྐྱོང་གྲངས་འཛིན་ཅན་གྱི་དྲང་ནུས་དང་ཆ་འཕྲིན་ཅན་ཕྱོགས་སྒྱུར་བྱས་ནས་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་རིག་གནས་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་རིག་གནས་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་མི་ལ་དམིགས་པ་དང་མིར་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་། རིམ་པ་མང་བ། ཕྱོགས་མང་བ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བར་དམིགས་ཏེ། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་འདོན་བྱེད་ནུས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས། རིག་གནས་ཀྱིས་སེམས་ཤུགས་སྐྱེད་པ་དང་བསམ་པའི་འཁྱེར་སོ་གསོ་བའི་ནུས་པ་འདོན་རྒྱུར་མཐོང་ཆེན་བྱས་ཏེ་མི་རིགས་ཡོངས་ཀྱི་དཔའ་ངར་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཆགས་པར་བྱེད་དགོས། ཤེས་ལྡན་པ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་། རིག་གནས་ཁྱབ་ཁོངས་ཀྱི་ཁྱད་ཆོས་དང་མཐུན་པའི་ཤེས་ལྡན་པ་འདེམས་སྒྲུག་དང་། གསོ་སྐྱོང་། བཀོལ་སྤྱོད། ཡར་སྐུལ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་པ་ཤེས་རྟོགས་དང་། ཤེས་ལྡན་པར་མཐོང་ཆེན། ཤེས་ལྡན་པར་གཅེས་སྐྱོང་བཅས་བྱེད་པའི་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ། གཞི་ཁྱོན་ཆེ་ཞིང་གྲུབ་ཆ་ལུགས་མཐུན་དང་བློ་རྩ་བརྟན་པོས་གསར་གཏོད་བྱེད་ཐུབ་པའི་ཆུ་ཚད་མཐོ་བའི་རིག་གནས་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་ཤེས་དཔལ་རིག་གནས་མུ་མཐུད་རྒྱུན་འཛིན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་བྱེད་པོའི་རང་བཞིན་དར་སྤེལ་ཤུགས་ཆེན་བཏང་ནས་འགྱུར་ལྡོག་ཆེན་པོ་བརྒྱུད་མྱོང་བའི་ཀྲུང་ཧྭའི་ཤེས་དཔལ་གྱི་ཉིང་བཅུད་སྲུང་སྐྱོང་ཡག་པོ་དང་། དར་སྤེལ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་ཉིང་བཅུད་སྔོག་འདོན་དང་རྒྱས་བཤད་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཕུལ་བྱུང་གཞི་རྒྱུ་སྐུལ་སྤེལ་དང་འབྲེལ། དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས། ལོ་རྒྱུས་ལ་གུས་སྐྲག་པ་དང་རིག་གནས་ལ་དགའ་ཞེན་བྱེད་པའི་བསམ་པ་འཆང་བ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། བེད་སྤྱོད་ལུགས་མཐུན་བྱེད་པ། ཐེ་ཇུས་ཉུང་ཤོས་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་སྲུང་སྐྱོང་དང་གཅིག་གྱུར་ལྟ་འདོམས་ལ་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་བྱེད་སྟངས་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་དང་། དྲ་ཐོག་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་པ། ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྟངས་གཏོད་པ་བཅས་བྱེད་དགོས། ཀྲུང་གོའི་འདོད་ཚུལ་སྔར་ལས་རང་འགུལ་གྱི་སྒོ་ནས་དྲིལ་བསྒྲགས་ངོ་སྤྲོད་དང་། ཀྲུང་ཧྭའི་རིག་གནས་ཁྱབ་སྤེལ། ཀྲུང་གོའི་གཟུགས་བརྙན་མངོན་པ་བཅས་བྱེད་དགོས། རྣམ་པ་སྣ་ཚོགས་ཀྱི་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་དགོས། མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་ལ་སྔར་ལས་ལྷག་པའི་སྒོ་ནས་རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་བཟུང་སྟེ། གནའ་དེང་རིག་གནས་མཐའ་གསལ་མཐིལ་རྟོགས་དང་ཕྱི་ནང་ཕན་ཚུན་འབྲེལ་བའི་རིག་གནས་ཀྱི་གྲུབ་འབྲས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    མཇུག་ཏུ་ཞི་ཅིན་ཕིང་གིས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་འགན་ཡིན། ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་གཅིག་སྡུད་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་འཛུགས་སྐྱོང་གི་འགོ་ཁྲིད་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལས་བྱེད་པ་བསྐོ་བཞག་དང་། ཤེས་ལྡན་པ་གསོ་སྐྱོང་། ཐོན་ཁུངས་མ་འཇོག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱས་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།