དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2023ལོར་ཀྲུང་གོའི་གསར་གཏོད་སྟོན་གྲངས་6.0%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-29

    ཚེས་25ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། ཚོད་རྩིས་བྱས་པར་གཞིགས་ན། 2023ལོར་ཀྲུང་གོའི་གསར་གཏོད་སྟོན་གྲངས་165.3ཟིན་པ་དེ་ལོ་གོང་མ་ལས་6.0%འཕར་ཡོད། ཁྱབ་ཁོངས་དབྱེ་ནས་བལྟས་ན། གསར་གཏོད་ཁོར་ཡུག་གི་སྟོན་གྲངས་དང་། གསར་གཏོད་མ་འཇོག་གི་སྟོན་གྲངས། གསར་གཏོད་ཐོན་ཚད་ཀྱི་སྟོན་གྲངས། གསར་གཏོད་ཕན་འབྲས་ཀྱི་སྟོན་གྲངས་བཅས་177.1དང་། 155.0 199.7 129.4བཅས་སོ་སོར་ཟིན་ཏེ་ལོ་གོང་མ་ལས་10.4%དང་། 5.5% 6.5% 0.4%བཅས་སོ་སོར་འཕར་ཡོད། གྲུབ་འབྲས་ལས་མངོན་པར་རང་རྒྱལ་གྱི་གསར་གཏོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

    གསར་གཏོད་ཀྱི་ཁོར་ཡུག་ཁྱབ་ཁོངས་སུ་སྣོན་རྩིས་འཕྲི་འཐེན་གྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གི་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་ཀྱི་བསྡུར་གྲངས་དེ་ལོ་གོང་མ་ལས་24.0%འཕར་བ་དང་། གསར་གཏོད་ཀྱི་མ་འཇོག་ཁྱབ་ཁོངས་སུ་མི་ཁྲི་རེའི་R&D(ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས)མི་སྣའི་དུས་གཏན་འཚམ་ཚད་ཀྱི་སྟོན་གྲངས་དེ་ལོ་གོང་མ་ལས་14.1%འཕར་ནས་གྲངས་གནས་གཉིས་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། གསར་གཏོད་ཀྱི་ཐོན་ཚད་ཁྱབ་ཁོངས་སུ་མི་ཁྲི་རེའི་R&Dཡི་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་ཀྱི་སྟོན་གྲངས་དེ་ལོ་གོང་མ་ལས་15.6%འཕར་ཡོད། གསར་གཏོད་ཀྱི་ཕན་འབྲས་ཁྱབ་ཁོངས་སུ། ལས་བཟོ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ལས་ཆོད་ཀྱི་སྟོན་གྲངས་དེ་ལོ་གོང་མ་ལས་5.7%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།