དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅིན་ཀྲེང་ཨེན་གྱིས་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་ཀྲུང་གོ་མི་དམངས་དང་བླངས་དམག་ཁྲའོ་ཞན་དུ་དམག་འཐབ་ལ་ཞུགས་ནས་ལོ་74འཁོར་བར་དྲན་གསོ་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་25ཉིན་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་ཀྲུང་གོ་མི་དམངས་དང་བླངས་དམག་ཁྲའོ་ཞན་དུ་དམག་འཐབ་ལ་ཞུགས་ནས་ལོ་74འཁོར་བར་དྲན་གསོ་ཞུས་པ་རེད།

    ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་བརྗོད་དོན། ཅིན་ཀྲེང་ཨེན་གྱིས་ཕུལ་བའི་འདས་མཆོད་མེ་ཏོག་ཕྲེང་བའི་དར་འཛར་དམར་པོའི་ཐོག“ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་གནས”ཞེས་པའི་ཡི་གེ་བྲིས་ཡོད། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་རི་ཧོན་གྱིས་མངགས་བཅོལ་ལྟར་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།