སི་ཁྲོན་ལི་རྫོང་གི་སྟོན་ལྗོངས་ཤིན་ཏུ་མཛེས།
མཐོ་ཞིང་བརྗིད་པའི་རི་བོའི་རྩེ་མོ་གངས་དཀར་གྱི་ཅོད་པན་བཞེས་པ་དང་འདྲ་ལ། རི་སྐེད་དང་རི་འདབས་སྔོ་ལྗང་གོས་ཀྱིས་བཀླུབས་ཤིང་། རི་ཀོང་ན་འཁྱིལ་བའི་རང་བྱུང་གི་མཚོ་མོ་མར་གད་ཞུན་མ་ཐང་ལ་བརྡལ་བ་འདྲ། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དེ་ནི་སྒྱུ་རྩལ་པས་པིར་གྱིས་བྲིས་པའི་སྣུམ་ཚོན་རི་མོ་ཞིག་དང་གཉིས་སུ་མཆིས། ལྟ་བས་མི་ངོམས་པའི་རང་བྱུང་གི་མཛེས་པས་བུང་བའི་ཚོགས་ལ་འགྲན་པའི་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལི་རྫོང་པི་ཕེང་རོང་མཛེས་ལྗོངས་ཁུལ་དུ་སྟོན་དུས་ཀྱི་ཡུལ་ལྗོངས་མྱོང་རོལ་བྱེད་པའི་དུས་མཚམས་ཡག་ཤོས་སུ་སླེབས་ཤིང་། འདི་ནི་ཟླ་10ཚེས་22ཉིན། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་གནས་དེར་སྟོན་དུས་ཀྱི་མཛེས་པ་ལོངས་སུ་སྤྱོད་བཞིན་པ།