དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་མཐོའི་ས་བོན་ཞིབ་འཇུག་ཁང་དང་པོ་དེ་གཞིས་རྩེར་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-29

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་ལྗོངས་ཀྱི་ས་མཐོའི་ས་བོན་ཞིབ་འཇུག་ཁང་དང་པོ་སྟེ། ཧྲན་ཏུང་དང་བོད་ཀྱི་ས་མཐོའི་ས་བོན་ཞིབ་འཇུག་ཁང་གཞིས་རྩེ་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་འགྲེམས་ཚོགས་གླིང་ཚན་རྩལ་གསར་གཏོད་ལྟེ་གནས་སུ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་རེད། ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ས་མཐོའི་དེང་རབས་ཞིང་ལས་ཞིབ་འཇུག་ཁང་ཡང་ཉིན་དེར་སྒོ་བྱང་བཀལ་ནས་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ཁང་དེ་གཉིས་ནི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཧྲན་ཏུང་བོད་སྐྱོར་ལས་བྱེད་པའི་ལྟེ་གནས་དོ་དམ་ཚོགས་ཆུང་། ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་བཅས་ཕྱོགས་གསུམ་གྱིས་མཉམ་དུ་བསྐྲུན་པ་ཞིག་རེད། ཧྲན་ཏུང་དང་བོད་ཀྱི་ས་མཐོའི་ས་བོན་ཞིབ་འཇུག་ཁང་གིས“དགོས་མཁོ་ཕྱོགས་སྟོན་དུ་འཛིན་པ་དང་། གཅིག་སྡུད་སྣེ་ཁྲིད་བྱེད་པ། འཛུགས་སྐྲུན་དང་ཞིབ་འཇུག་མཉམ་དུ་བྱེད་པ། སྒོ་དབྱེ་མཉམ་སྤྱོད་བྱེད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང“1+2+4+N”ཡི་གཉེར་སྐྱོང་བྱེད་སྟངས་གཏོད་རྒྱུའི་ནང་ས་མཐོའི་ས་བོན་ཞིབ་འཇུག་རྟེན་གཞི་ཞིག་གཏོད་རྒྱུ་དང་། ལས་སྟེགས་གཉིས(སོན་རྒྱུའི་ཐོན་ཁུངས་མཉམ་སྤྱོད་ལས་སྟེགས་དང་སྣ་ཁ་གསར་པ་ཞིབ་སྤེལ་ལས་སྟེགས)བསྐྲུན་རྒྱུ། ལྟེ་གནས་བཞི(སོན་རྒྱུའི་ཐོན་ཁུངས་ལྟེ་གནས་དང་། ལག་རྩལ་གསར་གཏོད་ལྟེ་གནས། སྤུས་རྟགས་གྲུབ་འབྲས་སྐྱོང་གསོ་ལྟེ་གནས། ཤེས་ལྡན་པ་གསོ་སྦྱོང་ལྟེ་གནས)འཛུགས་རྒྱུ་བཅས་ཚུད་པ་མ་ཟད། ཚན་རྩལ་ཞིབ་འཇུག་གསར་སྤེལ་ཚོགས་པ་མང་པོ་ཞིག་ནང་འདྲེན་ཡང་བྱ་རྒྱུ་ཡིན་པ་རེད། ཞིབ་འཇུག་ཁང་གིས་ཚན་རིག་ཞིབ་འཇུག་དང་། གྲུབ་འབྲས་ཁྱབ་གདལ། བཀོལ་སྤྱོད་དཔེ་སྟོན། རིག་མཛོད་འཛུགས་སྐྲུན་སོགས་ཀྱི་ཐད་ནས་གཞིས་རྩེའི་ཞིང་ལས་ཁྱབ་ཁོངས་འཕེལ་རྒྱས་ལ་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་པའི་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།

    དེ་དང་ཆབས་ཅིག ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ས་མཐོའི་དེང་རབས་ཞིང་ལས་ཞིབ་འཇུག་ཁང་གིས་ཀྱང་བོད་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ས་མཐོའི་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་ནང་འདྲེན་དང་། སྣ་ཁ་གསར་པ་ཧྲག་སྒྲུག་འདེམས་གསོ། འདེབས་གསོའི་ལག་རྩལ་ལེགས་གཏོང་དང་མཐོར་གཏོང་། དེ་བཞིན་སྣ་ཁ་གསར་པ་གསོ་སྤེལ་དང་ཁྱབ་གདལ་སོགས་ཀྱི་ཁྱབ་ཁོངས་སུ་གཙོ་གནད་ཐོག་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།