རྒྱལ་ཁབ་ཕྱིའི་མཛོད་ཁང་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་བསྐྱོད་པ།
ཞབས་འདེགས་ཡག་པོ་ཞུས་ནས་ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་བཏང་བ།
2022ལོ་ནས་བཟུང་། ཅི་མན་མྱུར་སྐྱེལ་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སོ་ཏི་ཨ་རབ་ཏུ་མྱུར་སྐྱེལ་དྲ་རྒྱ་འཁོར་རྒྱུག་བྱེད་འགོ་བཙུགས་ནས་ས་གནས་དེ་གའི་ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཞིང་། འདི་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་ཡི་རྒྱལ་ཁབ་ཕྱིའི་མཛོད་ཁང་དུ་ཅི་མན་མྱུར་སྐྱེལ་ལས་དོན་པས་ཚོང་ཟོག་ལ་ཐུམ་སྒྲིལ་བརྒྱབ་ནས་བསྐུར་རྩིས་བྱེད་བཞིན་པ། འདི་ག་ཚགས་པར་གྱི་འཛམ་གླིང་དབུས་ཤར་ལྟེ་གནས་ཡན་ལག་ཁང་གི་ན་ཏར་གྱིས་པར་བརྒྱབ།
འདི་ནི་ཡུན་ཏ་ཧན་གོའི་རྒྱལ་ཁབ་ཕྱིའི་མཛོད་ཁང་དུ་རང་འགུལ་སྣེ་ཁྲིད་འཁོར་ལོ་(AGV)ས་ངོས་སུ་གྲལ་སྟར་སྒྲིག་པོར་བཞག་ནས་དངོས་ཟོག་དབོར་རྩིས་བྱེད་བཞིན་པ། པུའུ་མེ་ཞང་གིས་པར་བརྒྱབ།
མེ་ཧྲེ་ཚོགས་པའི་མོ་ཞི་ཁོ་ཀྲོའུ་རྒྱལ་ཁབ་ཕྱིའི་མཛོད་ཁང་དུ་ལས་མི་ཞིག་གིས་འདྲེན་ཐག་ནས་དངོས་ཟོག་བླངས་ཏེ་འདྲུད་འཁོར་ཐོག་བཞག་ནས་རིག་ནུས་སྒྲོམ་སྟེགས་བརྒྱུད་མཛོད་ཁང་དུ་དབོར་རྩིས་བྱེད་བཞིན་པ། འདི་ག་ཚགས་པར་གྱི་མོ་ཞི་ཁོ་ཡན་ལག་ཁང་གི་ཨའེ་ནེ་སི་ཐུའོ·ཏུའོ་མིང་ཀེ་སིས་པར་བརྒྱབ།
ཀྲུང་གོ་ཕྱི་ཕྱོགས་སྐྱེལ་འདྲེན་ཐེ་ལན་ཀུང་སིའི་ལས་དོན་པས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་དངོས་ཟོག་ཚང་བཤེར་དང་། རྩིས་སྤྲོད་རྩིས་ལེན་བྱེད་བཞིན་པ། འདི་ག་ཚགས་པར་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ལྟེ་གནས་ཡན་ལག་ཁང་གི་ཕུའུ་ལ་ཝུའེ་ཡིས་པར་བརྒྱབ།
གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཀྲུང་གོའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་བྱེད་པོ་ཁྲི་12ལྷག་ཙམ་ཟིན་ནས། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3000ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཕྱིའི་མཛོད་ཁང་2500ལྷག་ཙམ་བསྐྲུན་པ་དེའི་ནང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལ་ཞབས་འདེགས་ཞུ་བར་རྩེ་གཅིག་ཏུ་གཞོལ་བའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2200ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཕྱིའི་མཛོད་ཁང་1800ལྷག་ཙམ་ཡོད་པ་རེད།
རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལས་སྟེགས་གསར་པ་ཞིག་ཡིན་པའི་ངོས་ནས། རྒྱལ་ཁབ་ཕྱིའི་མཛོད་ཁང་གིས་དེའི་བཀོད་པ་ལུགས་མཐུན་དང་ནུས་པ་འཐུས་སྒོ་ཚང་བའི་ཁྱད་ཆོས་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་དོན་ལ་འདེགས་སྐྱོར་གྱི་འགན་ལེན་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་ཕྱིའི་མཛོད་ཁང་གིས་ཚོང་ཟོག་ཐོན་སྐྱེད་བྱ་ཡུལ་ནས་འཛད་སྤྱོད་ཁྲོམ་རའི་བར་གྱི་བར་ཐག་ཐུང་དུ་ནུས་ལྡན་བཏང་བ་དང་། ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ། གཉེར་སྐྱོང་གི་མ་གནས་དམའ་རུ་ཕྱིན་པ་བཅས་རེད།
དེ་དང་ཆབས་ཅིག ཞབས་འདེགས་ཡག་པོ་ཞུས་པ་བརྒྱུད། རྒྱལ་ཁབ་ཕྱིའི་མཛོད་ཁང་གི་མཛོད་ཉར་དང་། དབྱེ་གསེད། སྡེབ་སྐྱེལ། བཙོངས་རྗེས་སོགས་ཀྱི་ནུས་པ་གཞི་གཅིག་ཅན་དུ་གྱུར་པ་དང་། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་འགྲེམས་སྟོན་དང་སྒོ་ཁྲལ་གནས་ཞུ་སོགས་ཞབས་ཞུ་མང་པོ་ཚུད་པའི་ཕྱོགས་ཡོངས་ཀྱི་འགན་ལེན་ཐུབ་ནས། ས་གནས་དེ་གའི་འཛད་སྤྱོད་དང་ལས་ཞུགས་ཀྱི་དགོས་མཁོ་བསྐངས་པ་མ་ཟད། གནས་ཡུལ་རྒྱལ་ཁབ་དང་ས་ཁུལ་གྱི་མཛོད་འཇུག་ཟོག་འགྲེམས་དང་དྲ་ཐོག་ཚོང་དོན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་ཐེབས་ཡོད་པ་རེད།