དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་2024ལོ་འཁོར་གྱི“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ས་གནས་ས་ཐོག་ཏུ་འགན་སྒྲུབ་བྱེད་པའི་དཔྱད་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-28

    ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ཨུ་ལྷན་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚོགས་ཆུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་2024ལོ་འཁོར་གྱི“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ས་གནས་ས་ཐོག་ཏུ་འགན་སྒྲུབ་བྱེད་པའི་དཔྱད་གླེང་ཚོགས་འདུ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་འཚོགས་པ་རེད།

    ཚོགས་འདུའི་ཐོག “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང“དགུ་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགོ་ཡག་པོ་ཞིག་འཛུགས་ཆེད། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་ཡང་དག་པའི་ཁ་ཕྱོགས་བརྟན་དུ་གཏོང་དགོས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ། གཙོ་གནད་དང་འགག་རྩ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་དགོས་པ། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་གནད་སྨིན་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ། རང་ལྗོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།